50626

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཁན་ཆེན་གྲགས་པ་ཤེས་རབ་ (1)
Part of speech མིང་ཚིག
Definition རབ་བྱུང་བཞི་པའི་ས་ལུག་ཕྱི་ལོ ༡༢༥༩ ལོར་འཁྲུངས། མཆིམས་ནམ་མཁའ་གྲགས་དང་། མཁན་ཆེན་གྲགས་པ་བརྩོན་འགྲུས་གཉིས་བསྟེན། བཀའ་གདམས་ཀྱི་ཆོས་སྐོར་མན་ངག་མ་ལུས་པ་མནོས། སྣར་ཐང་གི་མཁན་པོ་ལོ་བཅུ་གཅིག་བར་གནང་། རེ་བདུན་པ་རབ་བྱུང་ལྔ་པའི་ཤིང་གླང་ཕྱི་ལོ ༡༢༦༥ ལོར་སྐུ་གཤེགས། གདུང་རྟེན་ནི་གདན་ས་གོང་མའི་ནུབ་ཏུ་ཡོད། སྣར་ཐང་གི་མཁན་རབས་བཅུ་གཅིག་པ་ཡིན།
མཁན་ཆེན་གྲགས་པ་ཤེས་རབ་ (2)
Part of speech མིང་ཚིག
Definition རབ་བྱུང་བདུན་པའི་ཤིང་འབྲུག་ཕྱི་ལོ ༡༤༢༤ ལོར་སྣར་ཐང་དུ་འཁྲུངས། གདུང་རུས་གཉན་ཡིན། མཁན་ཆེན་གྲགས་པ་དོན་གྲུབ་ཀྱི་མདུན་ནས་རབ་ཏུ་བྱུང། རྗེ་དགེ་འདུན་གྲུབ་དང་། རབ་འབྱམས་པ་སྨོན་ལམ་དཔལ་བ། མཁས་པ་དཔལ་ལྡན་ཆོས་སྐྱོང་སོགས་ལས་རབ་འབྱམས་གཞུང་ལུགས་ཀུན་ལ་སྦྱངས། སྣར་ཐང་ཁྲོན་སྦུག་གྲྭ་ཚང་གི་འཆད་མཉན་ཡང་མཛད། རེ་གསུམ་པ་རབ་བྱུང་བརྒྱད་པའི་མེ་རྟ་ཕྱི་ལོ ༡༤༨༦ ལོར་གདན་ཁྲིར་བྱོན། འདས་ལོ་མི་གསལ། དཔལ་སྣར་ཐང་དགོན་པའི་གདན་རབ་ཉི་ཤུ་པ་ཡིན། འདིའི་རྗེས་ནས་ཆོས་སྡེ་འདི་ཉིད་རིམ་གྱིས་རྒུད་པར་གྱུར།