50627
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་དྲུག་པའི་མེ་བྱ་ཕྱི་ལོ་ ༡༣༥༧ ལོར་སྣར་ཐང་གི་ཉེ་འཁོར་རོང་གུ་ཞེས་བར་དབང་གི་རིགས་སུ་འཁྲུངས། རབ་བྱུང་བདུན་པའི་ཆུ་ཡོས་ཕྱི་ལོ་ ༡༤༢༣ ལོོར་སྐུ་གཤེགས། དགུང་ལོ་བདུན་པའི་ཐོག་ནས་ཡི་གེའི་འབྲི་ཀློག་མཁྱེན། བཅུ་པར་མཁན་ཆེན་ཀུན་དགའ་རྒྱལ་མཚན་ལས་རབ་བྱུང་བསྒྲུབས། མཚན་ལ་གྲུབ་པ་ཤེས་རབ་ཅེས་གསོལ། ཉི་ཤུ་པར་དགེ་སློང་བསྒྲུབས། མཁན་ཆེན་ཀུན་དགའ་རྒྱལ་མཚན་དང་། སློབ་དཔོན་གྲགས་པ་རྒྱ་མཚོ། ཆོས་རྗེ་ཡོན་ཏན་འོད། སློབ་དཔོན་སྐལ་བ་བཟང་པོ་སོགས་བསྟེན། མདོ་རྒྱུད་མན་ངག་གི་ཀུན་ཐུགས་སུ་མངའ་བར་མཛད། མཁན་ཆེན་ཀུན་དགའ་རྒྱལ་མཚན་ལས་བཀའ་གདམས་ཀྱི་ཆོས་སྐོར་ལ་གསན་སྦྱངས་མཛད། སོ་གཉིས་པར་སྣར་ཐང་གི་གདན་ཁྲིར་བྱོན། ལོ་ངོ་བཅུའི་རིང་འཆད་རྩོད་རྩོམ་གསུམ་ལམ་ནས་གདན་ས་བསྐྱངས། སློབ་མ་གྲགས་ཆེ་བ་ནི་དཔལ་ཡིད་བཟང་རྩེ་བ་དང་། རྗེ་ཤེས་རབ་སེང་གེ རྗེ་དགེ་འདུན་གྲུབ་བཅས་ཡིན། གསུང་རྩོམ་སྤྱོད་འཇུག་གི་ཊིཀྐ་སོགས་བཞུགས། དཔལ་སྣར་ཐང་དགོན་པའི་གདན་རབས་བཅུ་བཞི་པ་ཡིན། |