50629

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཁན་ཆེན་ཆུ་བཟང་པ་བྱང་ཆུབ་འབར་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་གསུམ་པའི་སྟོད་དུ་མུས་ཀྱི་ངང་དཀར་དུ་འཁྲུངས། དགུང་ལོ་བདུན་པར་ཡི་གེའི་འབྲི་ཀློག་མཁྱེན། འདོན་ཆོག་སོགས་ཐུགས་ལ་མངའ། བཅུ་གཅིག་པར་ལྡོག་ལོང་པ་ཤཱཀྱ་བྱང་ཆུབ་ལས་དགེ་བསྙེན་གྱི་སྡོམ་པ་ཞུས། རབ་ཏུ་བྱུང་ཞིང་སྤྱོད་འཇུག་དང་དབུ་མ་སོགས་ལ་སྦྱངས། ཉི་ཤུ་པར་དགེ་སློང་བསྒྲུབས། ལྡོག་ལོང་པ་ཤཱཀྱ་བྱང་ཆུབ་ལས་སྤྱན་རས་གཟིགས་ཀྱི་ལུང་དང་། སྒྲུབ་ཐབས་ལག་ལེན་བཅས་པ་ཞུས། བསྙུང་གནས་ཚར་སུམ་བརྒྱ་སྒྲུབ་པའི་ཚེ་འཕགས་པ་སྤྱན་རས་གཟིགས་ཀྱིས་ཞལ་གཟིགས། ཕ་ཡུལ་མུས་ཀྱི་ངང་དཀར་དུ་བྱོན། ཡི་དམ་མང་པོའི་ཞལ་གཟིགས། གྱ་བརྒྱད་པར་སྐུ་གཤེགས། ཐུགས་རྗེ་ཆེན་པོ་དཔལ་མོ་ལུགས་ཀྱི་བརྒྱུད་པའི་གདམས་རྒྱུན་འཛིན་མཁན་ཡིན། སློབ་མ་ནི་སྙག་ཕུ་པ་བསོད་ནམས་དབང་ཕྱུག་ཡིན།