50630
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དུས་རབས་བཅུ་གསུམ་པའི་སྟོད་དུ་གཉལ་ལ་འཁྲུངས། དགུང་ལོ་བདུན་པར་ཀུན་མཁྱེན་མཚོ་སྣ་བ་ལས་རབ་ཏུ་བྱུང་། མཚན་ལ་ཆོས་སྐྱབས་བཟང་པོ་ཞེས་གསོལ། ཀུན་མཁྱེན་མཚོ་སྣ་བ་ལས་སྡེ་སྣོད་གསུམ་གྱི་དབང་ལུང་མན་ངག་མ་ལུས་པ་ཞུས། དགེ་སློང་ཡང་བསྒྲུབས། ། བཀའ་གདམས་གཞུང་པའི་བཤད་སྲོལ་ལྟར་བྱང་ཆུབ་ལམ་རིམ་གྱི་མན་ངག་ཡོངས་རྫོགས་ཞུས། ཉམས་ལེན་ཡང་དེ་བཞིན་མཛད། མོན་གྲ་པ་ཚུལ་ཁྲིམས་བཀྲ་ཤིས་ལས་བྱང་ཆུབ་ལམ་རིམ་དང་། འདུལ་བ། མངོན་པ་སྡེ་བདུན་བཅས་ལ་སྦྱངས། སློབ་མ་ནི་རྗེ་ཙོང་ཁ་པ་སོགས་ཡོད། ལམ་རིམ་བླ་བརྒྱུད་ཀྱི་བླ་རབས་ཉེར་གཉིས་པ་ཡིན། |