50632

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཁན་ཆེན་ཉི་མ་རྒྱལ་མཚན་ (1)
Part of speech མིང་ཚིག
Definition རབ་བྱུང་བཞི་པའི་ཤིང་བྱ་ཕྱི་ལོ་ ༡༢༢༥ ལོར་སྣར་ཐང་གི་ཕུའི་སྟེང་ཀརྨ་ཁ་རིར་འཁྲུངས། གདུང་རུས་རམ་ཡིན། གཞོན་དུས་ནས་རབ་ཏུ་བྱུང་། འབྲོམ་ཀུ་མ་ར་མ་ཏི་སློབ་དཔོན་དུ་བསྟེན། བཀའ་གདམས་པའི་གླེགས་བམ་ཆ་ལག་དང་བཅས་པ་གསན། མཆིམས་ནམ་མཁའ་གྲགས་པ་དང་། སྐྱོ་སྟོན་སྨོན་ལམ་ཚུལ་ཁྲིམས་རྣམ་གཉིས་ལས་གདམ་པ་མ་ལུས་པ་མནོས། ཚུལ་ཁྲིམས་སྟག་བརྒྱས་བསྐོས། ཆོས་ཁྲིམས་ཀྱང་དམ་པར་མཛད། ལོ་ངོ་བདུན་རིང་སྣར་ཐང་གདན་ས་བསྐྱངས། གྱ་གཅིག་པ་རབ་བྱུང་ལྔ་པའི་ཤིང་སྦྲུལ་ཕྱི་ལོ་ ༡༣༠༥ ལོར་སྐུ་གཤེགས། གདུང་རྟེན་ནི་གདན་ས་གོང་མའི་གདུང་རྟེན་གྱི་ཤར་ན་བཞུགས། དཔལ་སྣར་ཐང་དགོན་པའི་གདན་རབས་དགུ་པ་ཡིན།