50633
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དུས་རབས་བཅོ་བརྒྱད་པའི་སྟོད་དུ་འཁྲུངས། རྒྱལ་བ་འཇམ་དཔལ་རྒྱ་མཚོ་ལ་བགྲོ་གླེང་མཛད། གསུང་རྩོམ་ནི་བླ་མ་མཆོད་པའི་ཁྲིད་དང་། ལམ་རིམ་གསེར་ཞུན་མའི་ཁྲིད། དྲན་པ་བཞི་ལྡན་ཉམས་མགུར་གྱི་བཤད་པ། བསྟན་བཅོས་མངོན་རྟོགས་རྒྱན་གྱི་ས་བཅད། སྐྱེས་རབས་སོ་བཞི་པའི་བཤད་པ། མདོ་མཛངས་བླུན་གྱི་བཤད་པ། མདོ་ལས་བརྒྱ་པའི་བཤད་པ། དཔག་བསམ་འཁྲི་ཤིང་བཤད་པ། སྙིང་པོ་དོན་གསུམ་གྱི་ཁྲིད། ཤིས་བརྗོད་ལམ་གྱི་ལུས་མཐའ་དག་ཡོངས་སུ་ཚང་བའི་བླ་མའི་རྣལ་འབྱོར་བྱིན་རླབས་དཔལ་སྟེར། སྐྱབས་མགོན་རྡོ་རྗེ་འཆང་ཐོགས་མེད་རྒྱ་མཚོའི་གསུང་རྗེ་བླ་མ་ཙོང་ཁ་པ་ཆེན་པོའི་རྣམ་ཐར་དང་གཞན་ཡང་ཟིན་བྲིས་སྣ་ཚོགས། རབ་གནས་ཀྱི་ཆེད་བརྗོད་གཞན་ཕན་བདུད་རྩིའི་སྙིང་པོ་བཅས་པོད་གཉིས་བཞུགས། རྣམ་ཐར་ཞིབ་མཇལ་མ་བྱུང་། |