50635
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་ལྔ་པའི་མེ་སྟག་ཕྱི་ལོ་ ༡༣༢༦ ལོར་ལྷ་བྲག་ཤུད་པུའི་རིགས་སུ་ཡབ་སློབ་དཔོན་ནམ་མཁའ་བཟང་པོ་དང་། ཡུམ་རིན་ཆེན་རྒྱན་གཉིས་ཀྱི་སྲས་སུ་བལྟམས། དགུང་ལོ་གསུམ་པ་ལ་ཕུར་པའི་དབང་ཐོབ། བཅུ་པར་ཁུ་བོ་རྒྱལ་སྲས་བཟང་པོ་ལས་རབ་ཏུ་བྱུང་། བཅོ་ལྔ་པར་འདུལ་བའི་སློབ་གཉེར་མཛད། བཅུ་དགུ་པ་རྒྱ་མ་རིན་ཆེན་སྒང་གི་བླ་མ་བཀྲ་ཤིས་རྒྱལ་པོ་སོགས་ལས་བསྙེན་པར་རྫོགས། རི་ཟངས་རྡོག་པའི་དྲུང་ནས་འདུལ་བ་རྒྱ་འགྲེལ་དང་། ཉི་ཁྲི་སྣང་བ། བསླབ་པ་ཀུན་བཏུས། ཇོ་བོའི་ཆོས་ཆུང་བརྒྱ་རྩ། ཉི་མ་སྦས་པའི་སྒྲོལ་མ་ཉེར་གཅིག་གི་ལས་ཚོགས་སོགས་ཆོས་མང་དུ་གསན། སྒྲོ་བ་དགོན་པའི་གདན་སའི་ཁྲིར་བཞུགས། ཕྱག་ན་རྡོ་རྗེ་གྲུབ། རྗེ་བླ་མའི་དབུ་བླ་བཞིའི་གཅིག་ཡིན། དོན་བདུན་པ་རབ་བྱུང་བདུན་པའི་ཆུ་རྟ་ཕྱི་ལོ་ ༡༤༠༢ ལོར་བན་པ་ཐིག་ཕྱིར་ཞི་བར་གཤེགས། སློབ་མ་ནི་དད་པ་ཐོབ་པ་འབུམ་ཚོ་གཅིག ངེས་པར་གྲོལ་བ་ལྔ་བཅུ་སྟེ། རྩོད་མེད་གྲུབ་ཐོབ་བརྒྱད་དུ་ངེས། འགྲན་གྱི་དོ་མེད་བློ་བཟང་ཡིན། ལམ་རིམ་བླ་བརྒྱུད་ཀྱི་བླ་རབས་སུམ་ཅུ་སོ་གཅིག་པ་ཡིན། མཚན་གཞན། ལྷོ་བྲག་གྲུབ་ཆེན། ལྷོ་བྲག་མཁན་ཆེན་ནམ་མཁའ་རྒྱལ་མཚན། |