50638

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཁན་ཆེན་བཟོད་པ་དཔལ་གྲུབ་ (1)
Part of speech མིང་ཚིག
Definition རབ་བྱུང་བཞི་པའི་ལྕགས་ཡོས་ཕྱི་ལོ ༡༢༣༡ ལོར་གཙང་རོང་གཡག་སྡེར་འཁྲུངས། གཞོན་དུས་ནས་རབ་ཏུ་བྱུང། དགུང་ལོ་ཉི་ཤུ་པར་ལྷོ་བྲག་བྱང་ཆུབ་དཔལ་དང་། སློབ་དཔོན་བསོད་ནམས་བཟང་པོ། སློབ་དཔོན་དབང་ཕྱུག་གྲགས་པ་གསུམ་ལས་དགེ་སློང་བསྒྲུབས། འདུལ་བ་ལུང་སྡེ་བཞི་དང་། བྱང་ཆུབ་ལམ་རིམ། དམིགས་པ་སྐོར་གསུམ་སོགས་གསན། སློབ་དཔོན་ཡོན་ཏན་དཔལ་དང་། སློབ་དཔོན་བཀྲ་ཤིས་བསོད་ནམས། རྫོང་ཕུ་བ་དོན་ཡོད་ཞགས་པ། གཡག་སྡེ་ལོ་ཙཱ་བ། འགྲོ་མགོན་འཕགས་པ། མཁན་པོ་སེང་གེ་ཟིལ་གནོན། ཁྲོ་ཕུ་རིན་པོ་ཆེ་སོགས་ལས་ཐེག་ཆེན་བློ་སྦྱོང་དང་། ཐུགས་རྗེ་ཆེན་པོའི་སྒྲུབ་སྐོར། དོན་ཡོད་ཞགས་པའི་སྒྲུབ་སྐོར། ཕར་ཕྱིན་སོགས་མཐའ་ཡས་པ་གསན། སོ་བརྒྱད་པར་ལྷོ་བྲག་བྱང་ཆུབ་དཔལ་གྱི་གདན་སར་བྱོན། གདན་ས་ལོ་ཉེར་བདུན་རིང་བསྐྱངས། མདོ་སྔགས་ཆོས་ཀྱི་འཆད་ཉན་མཛད། བྱང་ཆུབ་ལམ་གྱི་རིམ་པ་དང་། བདག་གཞན་མཉམ་བརྗེའི་སྐོར་ལ་གཞོལ། དརེ་བདུན་པ་རབ་བྱུང་ལྔ་པའི་མེ་བྱ་ཕྱི་ལོ ༡༢༩༧ ལོར་སྐུ་གཤེགས། ལམ་རིམ་བླ་བརྒྱུད་ཀྱི་བླ་རབས་བདུན་ཅུ་པ་ཡིན།