50640
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཀུན་མཁྱེན་མི་ཕམ་རྒྱ་མཚོས་རབ་བྱུང་བཅོ་ལྔ་པའི་མེ་རྟ་ཕྱི་ལོ་ ༡༩༠༦ ལོའི་བོད་ཟླ་དགུ་པའི་ཚེས་ལྔ་ལ་མཛད་པའི་མཁན་ཆེན་ཞི་བ་མཚོ་ལ་བསྟོད་པ་ཞིག་སྟེ། དམ་པ་དེ་ཉིད་ཟབ་རྒྱས་ཆོས་ལ་ཇི་ལྟར་དབང་འབྱོར་བའི་ཚུལ་ལ་བསྟོད་པ་དང་། སྡེ་སྣོད་འདུལ་བ་འཛིན་པ་ཡོངས་ཀྱི་གཙུག་ནོར་གྱུར་ཚུལ། བྱང་ཆུབ་སྤྱོད་པ་རྒྱ་མཚོ་མཐར་སོན་པ་དང་། བདེན་པ་གཉིས་ཀྱི་ཆོས་ཚུལ་མཐའ་དག་ལ་མངའ་བརྙེས་ཤིང་ཟུང་འཇུག་དབུ་མའི་ཤིང་རྟའི་སྲོལ་འབྱེད་གྱུར་པའི་ཆེ་བ། གངས་ཅན་ལྗོངས་སུ་ཆོས་ཀྱི་སྒྲོན་མེ་སྤར་བར་མཛད་པའི་བཀའ་དྲིན་སོགས་ལ་བསྟོད་པ་ཞིག |