50643

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཁན་ཆེན་བློ་བཟང་བསྟན་འཛིན་རྒྱལ་མཚན་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གཅིག་པའི་ས་ཡོས་ཕྱི་ལོ་ ༡༦༣༩ ལོར་འཁྲུངས། འདས་ལོ་མི་གསལ། དགུང་ལོ་དྲུག་པར་བློ་བཟང་ཡར་འཕེལ་ལས་ཡི་གེའི་འབྲི་ཀློག་བསླབས། བདུན་པར་བློ་བཟང་ཡར་འཕེལ་ལས་དགེ་བསྙེན་གྱི་སྡོམ་པ་ཞུས། པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་གྲུབ་ཆེན་རྗེ་དཔོན་ལེགས་ཚོགས་ལྷུན་གྲུབ་ཀྱི་ཡང་སྲིད་དུ་ངོས་བཟུང་། ཆོས་རྒྱལ་འཕྲིན་ལས་རྒྱ་མཚོ་བླ་མར་བསྟེན། དབང་ལུང་མན་ངག་མང་དུ་གསན། འཕན་ཡུལ་སྨན་པ་ཀུན་དགའ་བྱང་ཆུབ་ལས་གསོ་བ་རིག་པ་དང་། སྐར་རྩིས། སོག་ཡིག་བཅས་སྦྱངས། དབུས་གཙང་དུ་ཕེབས། རྒྱལ་བ་ལྔ་པ་ཆེན་པོ་ལ་ས་ཆོས་པོ་ཞུས། བཀྲ་ཤིས་ལྷུན་པོར་པཎ་ཆེན་རིན་པོ་ཆེ་དང་མཇལ། བཀྲ་ཤིས་ལྷུན་པོའི་རྒྱུད་པ་གྲྭ་ཚང་དུ་ཞུགས། ཉི་ཤུ་པར་པཎ་ཆེན་བློ་བཟང་ཆོས་རྒྱན་ལས་བསྙེན་པར་རྫོགས། སོག་ཡུལ་དུ་ཕེབས། རང་ཡུལ་དུ་བོན་ནས་དགོན་གསར་བཀྲ་ཤིས་དགེ་འཕེལ་གླིང་དུ་བཞུགས། འདས་ལོ་མི་གསལ། གསུང་རྩོམ་ནི་ཆོས་ཚན་ཞེ་དགུར་བཞུགས།