50645

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཁན་ཆེན་རྒྱལ་མཚན་བཟང་པོ་ (1)
Part of speech མིང་ཚིག
Definition རབ་བྱུང་དྲུག་པའི་ལྕགས་སྟག་ཕྱི་ལོ་ ༡༣༥༠ ལོར་འཁྲུངས། འཇམ་དབྱངས་རིན་ཆེན་རྒྱལ་མཚན་སོགས་བཤེས་གཉེན་མང་པོ་བསྟེན། མདོ་སྔགས་རིག་གནས་ཀུན་ལ་དཔྱིས་ཕྱིན་པ་སྦྱངས། གསང་ཕུ་དང་རྩེས་ཐང་གཉིས་ཀར་དཀའ་བཞིས་གཙོས་སྡེ་སྣོད་མ་ལུས་པར་མཁས་པར་གྱུར། འཇམ་དབྱངས་ཆོས་མགོན་པ་ལས་དུས་འཁོར་གསན། མཁན་ཆེན་སངས་རྒྱས་བློ་གྲོས་ལས་ཡན་ལག་དྲུག་གི་མན་ངག་མནོས། དོན་དྲུག་པ་རབ་བྱུང་བདུན་པའི་ཤིང་སྦྲུལ་ཕྱི་ལོ་ ༡༤༢༥ ལོར་སྐུ་གཤེགས། གསུང་རྩོམ་ནི་དུས་ཀྱི་འཁོར་ལོའི་བསྐྱེད་པའི་རིམ་པ་ལ་མངོན་པར་རྟོགས་པ་ཚིགས་བཅད་མ་སོགས་བཞུགས། སློབ་མ་མཆོག་ཏུ་གྱུར་པ་ནི་ཤཱཀྱ་ཤྲཱི་ཡིན།