50656

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཁན་ནག་ (1)
Part of speech མིང་ཚིག
Definition ལོ་རེར་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་ཁམ་སྐྱ་སྙུང་རིལ་དབྱིབས་ཀྱི་རྩ་བ་རྐང་གཅིག་ལ་ཨ་ར་འདྲ་བའི་རྩ་ཕྲན་སེར་ནག་ཐར་ཐོར་ཡོད་པ་དང་། སྡོང་པོ་དམར་སྨུག་ཕྲ་ལ་རིང་བ་མང་པོ་མཉམ་དུ་ཕུང་པོར་སྐྱེ་བའི་སྟོད་ཆ་ནས་ཡལ་ག་དང་ཡལ་ཕྲན་གྱེས། ལོ་མ་སྔོ་ལ་ནག་ཉམས་ལྡན་པའི་རྒྱབ་སྐྱ་བ་སྐྱེ་རིམ་གཉིས་ཀྱི་སྒྲོ་དབྱིབས་ལོ་མ་རེ་མོས་སྐྱེ་བ། མེ་ཏོག་སྨུག་ནག་བརྩེགས་པའི་མེ་ཏོག་བང་རིམ་སྡོང་པོ་དང་། ཡལ་གའི་རྩེར་འཆར། ལོ་སྡོང་མེ་འབྲས་ཡོངས་སུ་དྲི་ངན་བྲོ་ཡི་ཡོད། མཁན་ནག་ས་སྨད་ཉིད་ལས་སྐྱེ། ཕུང་པོ་ཆེ་ལ་རྩ་མཁར་སྡོམ། སྡོང་པོ་དམར་ལ་ལོ་མ་ནག དྲི་ངན་སྐྲངས་འདུལ་ལྷོག་པ་འཇོམས།