50664

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཁན་པོ་བསམ་གྲུབ་བསྟན་འཛིན་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་དགུ་པའི་སྨད་དུ་འཁྲུངས། ཆུང་དུས་ནས་ཡི་གེའི་སྦྱོར་ཀློག་དང་། འདོན་ཆོས་ཀུན་ལ་མཁྱེན་པ་རྒྱས། ཆོས་སྒོར་ཞུགས་ཏེ་དགེ་བསྙེན་དང་རབ་བྱུང་། དགེ་ཚུལ་སློང་གེ་སྡོམ་པ་རྣམས་མནོས། གྲྭ་ས་ཆེན་པོ་ལས་ཐ་སྙད་རིག་གནས་དང་། གཞུང་ཆེན་བཀའ་པོད་ལྔ། གསང་ཆེན་རྒྱུད་སྡེ་བཞི་བཅས་དཔྱིས་ཕྱིན་པ་སྦྱངས། རྒྱ་མཁར་བ་ཡེ་ཤེས་སྨོན་ལམ་དང་། ཐོ་ཡོན་འཇམ་དབྱངས་འཕྲིན་ལས་སོགས་བསྟེན། མདོ་རྒྱུད་བསྟན་བཅོས་ཀྱི་དབང་ལུང་མན་ངག་མང་དུ་མནོས། གསུང་རྩོམ་ནི་ཡི་དམ་ཆོས་སྲུང་རྣམས་ཀྱི་རྗེས་གནང་གི་ཆོ་ག་ཟུར་རྒྱན་བརྒྱ་རྩ་དངོས་གྲུབ་བུམ་བཟང་བཅས་པོད་གཅིག་བཞུགས། རྣམ་ཐར་ཞིབ་ཏུ་མཇལ་རྒྱུ་མ་རྙེད།

{{#arraymap:མཁན་པོ་བསམ་གྲུབ་བསྟན་འཛིན་

|; |@@@ | | }}