50668

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཁན་པོ་ལ་རྣམ་པ་བཞི་ (1)
Part of speech མིང་ཚིག
Definition འདུལ་བ་གཞུང་དམ་པ་ལས་བྱུང་བ་སྟེ། ༡ མཁན་པོ་ཆོས་ཀྱིས་སྡུད་པ་ཟང་ཟིང་གིས་མ་ཡིན་པའང་ཡོད། དེ་ལྟ་བུའི་མཁན་པོ་ལ་ནི། ཤེས་པར་བྱས་ཏེ་གནས་པར་བྱའོ། ། ༢ ཟང་ཟིང་གིས་སྡུད་ལ་ཆོས་ཀྱིས་མ་ཡིན་པའང་ཡོད། དེ་ལྟ་བུའི་མཁན་པོ་ལ་ནི། བལྟས་ཏེ་འགྲོ་བར་བྱའོ། ། ༣ མཁན་པོ་ཆོས་ཀྱིས་སྡུད་ཅིང་ཟང་ཟིང་གིས་སྡུད་པའང་ཡོད། དེ་ལྟ་བུའི་མཁན་པོ་ནི། གཤེར་ཟིན་ཀྱང་ནམ་འཚོའི་བར་དུ་གནས་པར་གྱིས་ཤིག ༤ མཁན་པོ་ཆོས་ཀྱིས་མི་སྡུད་ཅིང་ཟང་ཟིང་གིས་མ་ཡིན་པའང་ཡོད། དེ་ལྟ་བུའི་མཁན་པོ་ལ་ནི། མ་འགྲོ་ཞེས་བསྒོ་ཡང་མི་ལྟ་བར་འགྲོ་བར་བྱའོ། །
Domain ཆོས་ལུགས།