50670

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཁན་པོ་ཨ་སྟོབས་ (1)
Part of speech མིང་ཚིག
Definition མཁན་རིན་པོ་ཆེ་རྡོ་རྗེ་འཛིན་པ་སྟོབས་ལྡན་ནམ་ཐུབ་བསྟན་རྒྱལ་མཚན་འོད་ཟེར་ནི། གྲུབ་ཆེན་པདྨ་བདུད་འདུལ་སློབ་མ་ཀརྨ་བཀྲ་ཤིས་ཀྱི་སྲས་སུ་འཁྲུངས། བླ་མ་མཐའ་ཡས་མདུན་ནས་ཀློང་གསལ་རྡོ་རྗེ་སྙིང་པོའི་སྔོན་དངོས་ཀྱི་ཁྲིད་ཡོངས་རྫོགས་ཞུས། ཛཿཀ་མཆོག་སྤྲུལ་རིན་པོ་ཆེ་དང༌། འཇམ་མགོན་མཁྱེན་ཀོང་རྣམ་གཉིས། སྨྱོ་ཤུལ་ལུང་རྟོགས་སོགས་མཁས་དང་གྲུབ་པའི་སྐྱེས་ཆེན་དུ་མ་ལས་མདོ་སྔགས་སྤྱི་དང་སྔ་འགྱུར་རྡོ་རྗེ་ཐེག་པའི་བཀའ་གཏེར་རྣམས་ཀྱི་སྨིན་གྲོལ་མཐའ་དག་གསན། ཀཿཐོག་བྲག་གདོང་རི་ཁྲོད་དུ་གཏན་བཞུགས་མཛད་དེ་བཀའ་གཏེར་མང་པོའི་དབང་ལུང་ཁྲིད་བཅས་རྒྱུན་པར་གསུངས། དཔལ་ཡུལ་དང་སྒ་རྗེ་སོགས་ལ་སྐབས་རེ་ཙམ་ཕེབས་ནས་སྐལ་ལྡན་གྱི་སློབ་མ་མང་པོ་རྗེས་སུ་བསྐྱངས།