50671
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། མཁན་པོ་ལ་དབྱེེ་ན་བར་མ་རབ་བྱུང་གི་མཁན་པོ། དགེ་ཚུལ་གྱི་མཁན་པོ། བསྙེན་རྫོགས་ཀྱི་མཁན་པོ་དང་གསུམ་ཡོད་དེ། རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་དེའི་ཕྱིར་ཞེས་སོགས་དང། དགེ་ཚུལ་གྱི་མཁན་པོ་ནི། དགེ་ཚུལ་གྱི་སྡོམ་པ་འབོགས་པའི་ལས་གྲལ་དེར་གནས་པའི་དགེ་སློང་སྔར་བསྒྲུབ་བྱ་དེའི་བར་མ་རབ་བྱུང་གི་མཁན་པོ་བྱས་ཟིན་པ་དེ་ནི་བསྒྲུབ་བྱ་དེའི་དགེ་ཚུལ་གྱི་མཁན་པོ་ཡིན་ནོ། །འོན་ཀྱང་བར་མ་རབ་བྱུང་དང། དགེ་ཚུལ་གྱི་སྡོམ་པ་འབོགས་མཁན་གཉིས་ལ་ནི་ཐ་སྙད་སོ་སོར་བྱ་སྟེ། བར་མ་རབ་བྱུང་འབོགས་པའི་མཁན་པོ་དང། དགེ་ཚུལ་གྱི་སྡོམ་པ་འབོགས་མཁན་ནི་རབ་བྱུང་གི་མཁན་པོའམ། དགེ་སློང་གཞན་ཞིག་གང་ཡིན་ཀྱང། བསྒྲུབ་བྱའི་རྒྱུད་ལ་དགེ་ཚུལ་གྱི་སྡོམ་པ་སྐྱེས་པ་ན། བསྒྲུབ་བྱ་དེའི་དགེ་ཚུལ་གྱི་སློབ་དཔོན་ཞེས་པའི་ཐ་སྙད་འདོགས་དགོས་པས་སོ། །འདི་ལ་དགོངས་ནས་རྒྱ་ཆེར་འགྲེལ་ལས། རབ་ཏུ་འབྱུང་བ་ནི་མཁན་པོ་ཁོ་ན་ལས་འགྱུར་ལ། དགེ་ཚུལ་གྱི་སྡོམ་པ་ནི་གཞན་ལས་ཐོབ་པ་ཡིན་ནོ། །ཞེས་གསུངས་པ་ཡིན་ནོ། །སྔར་བསྒྲུབ་བྱ་དེའི་བར་མ་རབ་བྱུང་གི་མཁན་པོ་བྱས་ནས་སླར་བསྒྲུབ་བྱ་དེ་ལ་དགེ་ཚུལ་གྱི་སྡོམ་པ་ཡང་ཕོག་སྟེ། སྐྱེས་པར་བྱས་ཟིན་པའི་དགེ་སློང་དེ་ནི་བསྒྲུབ་བྱ་དེའི་དགེ་ཚུལ་གྱི་མཁན་སློབ་གཉིས་ཀ་ཡིན་ལ། བསྒྲུབ་བྱ་དེ་ལ་དགེ་ཚུལ་གྱི་སྡོམ་པ་ཕོག་པའི་དགེ་སློང་སྔར་དེའི་བར་མ་རབ་བྱུང་གི་མཁན་པོ་མ་བྱས་པ་དེ་ནི་བསྒྲུབ་བྱ་དེའི་དགེ་ཚུལ་གྱི་སློབ་དཔོན་ཙམ་ཡིན་ནོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། ། |
| Domain | ཆོས་ལུགས། |