From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
མཁན་མོ་ (1)
| Part of speech
|
མིང་ཚིག
|
| Definition
|
སོ་ཐར་གྱི་སྡོམ་པ་འབོགས་ཆོག་གནང་མཁན་ནམ་སོ་ཐར་གྱི་སྡོམ་པ་སྟེར་མཁན་གྱི་དགེ་སློང་མ་གཙོ་བོའོ། །
|
| Example
|
འདུལ་བ་ཕྲན་ཚེགས་ཀྱི་གཞི་ལས། མིང་འདི་ཞེས་བགྱི་བ་འདི་སྐྲ་བྲེགས་ཤིང་གོས་ངུར་སྨྲིག་བགོས་ནས། ཡང་དག་པར་དད་པས་ཁྱིམ་ནས་ཁྱིམ་མེད་པར་མཁན་མོ་མིང་འདི་ཞེས་བགྱི་བ་ལས་རབ་ཏུ་འབྱུང་ན། ཞེས་གསུངས།
|
མཁན་མོ་ (2)
| Part of speech
|
མིང་ཚིག
|
| Definition
|
ནང་པའི་གཞུང་ཆེན་ཁག་ལ་སྦྱངས་ནས་བསླབ་པ་མཐར་ཕྱིན་པའི་བུད་མེད་ཀྱི་རབ་བྱུང་གི་གོ་མིང་།
|