50676
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། མཁན་མོ་ལ་དབྱེ་ན། བར་མ་རབ་བྱུང་གི་མཁན་མོ། དགེ་སློབ་མའི་མཁན་མོ། བསྙེན་རྫོགས་ཀྱི་མཁན་མོ་དང་གསུམ་ཡོད་དེ། དེ་སྐད་དུ། རྒྱ་ཆེར་འགྲེལ་ལས། དཔེར་ན་དགེ་སློང་འགའ་ཞིག་ལ་མཁན་པོ་ཉིད་དུ་གནས་པ་ལའོ། །ཞེས་བྱ་བ་དེར་དགེ་སློང་མ་འགའ་ཞིག་ལ་མཁན་མོ་ཉིད་དུ་གནས་པ་ལའོ། །ཞེས་བྱ་བ་ལྟ་བུ་དང། ཞེས་དང། གནས་པ་ཁོ་ན་ལའོ། །ཞེས་པའི་ཐད་ཀྱི་རྒྱ་ཆེར་འགྲེལ་ལས་ཀྱང། དགེ་སློབ་མ་ཉིད་ཀྱི་ཚིགས་དེ་ཡང། དགེ་སློབ་མ་འགའ་ཞིག་ལ་མཁན་མོ་ཉིད་དུ་གནས་པ་ཁོ་ན་ལ་ཡོད་དོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། ། |
| Domain | ཆོས་ལུགས། |