5068

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁྲོམ་དགེ་དགོན་ (1)
Part of speech མིང་ཚིག
Definition ཁྲོམ་དགེ་དགོན་ནི། ཉི་མ་རྒྱལ་མཚན་གྱིས་བཏབ་སྟེ། མིང་ཡང་ཁྲོམ་དགེའི་བླ་བྲང་ཟེར་བར་གྲགས་སོ། སྐུ་མདུན་ཉི་མ་རྒྱལ་མཚན་དང་། མདོ་སྔགས་བསྟན་འཛིན་གཉིས་བར་བླ་རབ་ས་བཞི་བཅུ་ཞེ་དགུ་ཡོད་པར་གྲགས། གྲྭ་ཤག་སུམ་ཅུ། སྒྲུབ་གྲྭ་ཁང་ཚན་བཅུ་དང་། ལོ་ཟླར་བསྙུང་གནས་ཆ་བརྒྱད། སྨན་བླའི་སྒྲུབ་མཆོད། ཉེས་སེལ་སྒྲུབ་པ་དང་སྦྱིན་སྲེག་རྣམས་འཚོགས་བཞིན་ཡོད། །དགོན་གནས་འདིར་ཀཿཐོག་རྨོག་རབས་དང་ཞིང་སྐྱོང་རིམ་བྱོན། ཀློང་གསལ་སྙིང་པོ། རྫོགས་ཆེན་བླ་རབས། དཔལ་ཡུལ་རྒྱ་སྤྲུལ། དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ། སི་ཏུ་ཆོས་ཀྱི་རྒྱ་མཚོ། ས་སྐྱའི་སྔགས་འཆང་ངག་དབང་ཀུན་དགའ་རིན་ཆེན། ཛཿསྤྲུལ་ཀུན་བཟང་རྣམ་རྒྱལ། སྡེ་སྤྲུལ་འཇམ་དཔལ་རྒྱལ་མཚན། ངོར་ཁང་གསར་ཀརྨ་པ་མཐོང་བ་དོན་ལྡན། ཐར་རྩེའི་མཁན་ཆེན་རྣམས་ཀྱིས་ཞབས་ཀྱིས་བཅག་མྱོང་ཞིང་མདོ་སྔགས་གཉིས་ཀྱི་ཟབ་ཆོས་མང་དུ་གསུངས་བར་གྲགས།