50682

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཁན་རྒན་རིག་འཛིན་རྒྱ་མཚོ་ (1)
Part of speech མིང་ཚིག
Definition ཁོང་ཉག་རོང་བོ་རྫིག་ཏུ་སྐུ་འཁྲུངས། ཆུང་ནས་ཀཿཐོག་ཏུ་གྲྭ་སར་ཕེབས། སི་ཏུ་ཆོས་ཀྱི་བློ་གྲོས་ཀྱི་ཞབས་ལ་གཏུག ཐུན་མོང་རིག་པའི་གནས་སྤྱི་དང་ཁྱད་པར་མདོ་སྔགས་ཀྱ་ཟབ་དོན་མ་ལུས་པ་ཐུགས་སུ་ཆུད། ཨོ་རྒྱན་སྨིན་གྲོལ་གླིང་དུ་ལོ་མང་པོ་བཞུགས་ནས་དཀྱིལ་འཁོར་གྱི་ལས་རབ་འབྱམས་ལ་མངའ་བརྙེས། སླར་ཀཿཐོག་ཏུ་ཕེབས་ནས་ཀློང་གསལ་དང་སྨིན་ལུགས་བཅས་ཀྱི་བྲི་ཐིག་དབྱངས་རོལ་སོགས་ཀྱི་ཕྱག་ལེན་སྐོར་དག་བཅོས་ཡང་མཛད། སི་ཏུ་ཆོས་ཀྱི་རྒྱ་མཚོ་དང༌། འཇམ་མགོན་མཁྱེན་སྤྲུལ་རིན་པོ་ཆེ་སོགས་ཀྱི་དགེ་རྒན་ལོ་མང་པོ་བཞུགས། བཀའ་འགྱུར་སོགས་ཀྱི་ལྗགས་ལུང་སྤེལ་ནས་སྐུ་ཚེ་མཐར་མ་ཕྱིན་པར་ཀཿཐོག་ཏུ་བཞུགས་སོ། །