From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
མཁའ་ (1)
| Part of speech
|
མིང་ཚིག
|
| Definition
|
ས་གཞིའི་ངོས་ཐད་ཀྱི་སྟེང་ཕྱོགས་ཏེ། ཉི་མ་དང་། ཟླ་བ་དང་། སྐར་མ་དང་། སྤྲིན་པ་དང་། གནམ་གྲུ་དང་། བྱ་སོགས་འཕུར་བ་མཐོང་ཐུབ་སའི་བར་སྣང་གི་མཐོངས་སམ། སྐྱེ་དངོས་འཕེལ་འགྱུར་སོགས་འགུལ་སྐྱོད་ཀྱི་གོ་སྐབས་འབྱེད་པའི་ས་ངོས་ཡན་གྱི་བར་སྣང་ཁམས་སྟོང་པའི་མིང་།
|
| Example
|
གནམ་གྲུ་མཁའ་ལ་འཕུར་ལྟ་བུ།
|
མཁའ་ (2)
| Part of speech
|
མིང་ཚིག
|
| Definition
|
ཀླད་ཀོར་རམ་ཐིག་སྟེ། ནམ་མཁའ་ལྟར་སྟོང་པ་ཡིན་པས་ན་དེ་ལྟར་བཏགས་སོ། །
|
| Type
|
མངོན་བརྗོད།
|