5069

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁྲོམ་དགེ་པདྨ་མཁའ་སྤྱོད་དབང་པོ་ (1)
Part of speech མིང་ཚིག
Definition ཁོང་ནི་རིག་འཛིན་ཀློང་གསལ་སྙིང་པོའི་གཏེར་སློབ་ཆོས་ཀྱི་བདག་པོ་གཙོ་བོ་ཡིན། ཁོང་དང་ཁྲོམ་དགེ་སྐུ་མདུན་ཉི་མ་རྒྱལ་མཚན་གྱི་སྐུ་སྐྱེ་དང་གདུང་རྒྱུད་རིམ་བྱོན། སློབ་བརྒྱུད་དང་བཅས་པ་ཀློང་གསལ་རྡོ་རྗེ་སྙིང་པོའི་རང་ལུགས་གཙོ་བོར་སྐྱོང་བ་ཤ་སྟག་བྱོན་པ་དང༌། ཕྱིས་སུ་སྐུ་མདུན་རྣམ་རྒྱལ་མདོ་སྔགས་བསྟན་འཛིན་དང༌། དྲུང་པ་འཇམ་དཔལ་གྲགས་པ་སོགས་ཀཿཐོག་པའི་སྙན་བརྒྱུད་ཀྱི་གདམས་སྲོལ་འཛིན་པའི་སྐྱེས་ཆེན་དུ་མ་དང༌། ཁྱད་པར་རྒྱལ་བསྟན་རིན་པོ་ཆེ་དབོན་སྤྲུལ་རིག་འཛིན་དབང་ཕྱུག་ཞབས་ཀྱིས་སྐལ་ལྡན་གྱི་སློབ་ཚོགས་སྟོང་ལས་བརྒལ་བ་ལ་རབ་བྱུང་དང་བསྙེན་རྫོགས་ཀྱི་སྡོམ་རྒྱུན་སྤེལ་བ་སོགས་དམ་ཆོས་འདུལ་བའི་བསྟན་པ་ལྷག་པར་བསྐྱངས་ཏེ་ཐུབ་བསྟན་མེ་རོ་རྨིང་ནས་ཉམས་གསོ་མཛད་པ་དང༌། སྔར་རྒྱུན་ཀློང་གསལ་རྡོ་རྗེ་སྙིང་པོའི་གདམས་ཁྲིད་དང་ཁྱད་པར་མཁན་ཆེན་ངག་གི་དབང་པོའི་ཞལ་ཁྲིད་ཀློང་ཆེན་སྙིང་ཐིག་གི་སྙན་བརྒྱུད་རྣམས་མི་ནུབ་པར་སླར་ཡང་གསལ་བར་མཛད་པས་བཀའ་དྲིན་ཤིན་ཏུ་ཆེའོ། །

{{#arraymap:ཁྲོམ་དགེ་པདྨ་མཁའ་སྤྱོད་དབང་པོ་

|; |@@@ | | }}