50706

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཁའ་ཕུ་རྒྱལ་མཚན་བློ་གྲོས་ (1)
Part of speech མིང་ཚིག
Definition གདུང་རུས་གླིང་ཚང་ཡིན་ཞིང༌། ཀུན་དགའ་བློ་གྲོས་པའི་དྲུང་དུ་ཁྲིད་དང་གདམས་པ་ཐམས་ཅད་རྫོགས་པར་ཞུས་ནས་བསྒོམ་པས། ཉམས་རྟོགས་ཀྱི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་ཞིང༌། བླ་མའི་གདན་ས་ཞག་བདུན་མཛད་ནས། ཁམས་དབུས་གྲྭ་སྐོར་ལ་བྱོན་ཞིང་འབྲི་གུང་ནམ་མཁའ་སྒང་དུ་དགོན་པ་བཏབ་ (འདི་ནི་ཡུལ་ཤུལ་རྫོང་ཨ་འཁྲོ་ཤང་གི་མངའ་ཁུངས་སུ་ཡོད། དབྱི་མདའ་ནས་མར་འབྲི་ཆུ་རྒྱུད་འགྲོ་སྐབས་སྣེའུ་མདའ་རུ་སླེབས། སྣེའུ་མདའི་ལུང་པའི་ཕུ་ལ་མཁའ་ཕུ་ནང་ཟེར་བའི་ལུང་པ་ཞིག་ཡོད། ལུང་པ་འདི་ཡི་མདའ་རུ་རི་སྣ་ཆེན་པོ་ཞིག་ཡོད་དེ་ཡི་སྒང་ལ་ཆགས་ཤུལ་ཁང་ཞིག་མང་པོ་མཐོང་རྒྱུ་འདུག)པས། གྲྭ་པ་རྣམས་ཀྱང་མཚམས་ལ་གནས་པ་ཤ་སྟག་བྱུང་སྟེ། མཚམས་པའི་མགོ་མཐོང་ན་བྲེ་གང༌། ལག་པ་མཐོང་ན་འདོང་གང་ལེན་ཞིང༌། མགོ་བྲེ་ལག་མདོང་གི་ཁྲིམས་བཅའ་ཡིག་མཛད་ནས་གདུལ་བྱ་རྣམས་སྨིན་གྲོལ་གྱི་ལམ་ལ་བཀོད་དོ། །འཁྲུངས་འདས་མ་གསལ།

{{#arraymap:མཁའ་ཕུ་རྒྱལ་མཚན་བློ་གྲོས་

|; |@@@ | | }}