50714

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཁའ་འགྲོ་གསང་བའི་གཏོར་ཟློག་ (1)
Part of speech མིང་ཚིག
Definition ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས། མཁའ་འགྲོ་གསང་བའི་གཏོར་ཟློག ཅེས་བྱ་བ་སྟེ། གཏེར་གཞུང་ལས། བདག་འདྲ་སྔགས་འཆང་པདྨ་ཐོད་ཕྲེང་གིས༔ ཤིན་ཏུ་ཟབ་ཕྱིར་ཌཱ་ཀིའི་གཏོར་ཟློག་བསྟན༔ མ་འོངས་ལྔ་བཅུ་ཁ་རལ་དུས་ཀྱི་ཚེ༔ ཤེས་རབ་བློ་ལྡན་བྱམས་སེམས་སྙིང་རྗེ་ཅན༔ ལྡན་གསུམ་སྐྱེས་བུ་དེ་དང་འཕྲད་པར་ཤོག༔ ཅེས་པ་ལྟར། གཏེར་ཆེན་རཏྣ་གླིང་པས་གཉལ་སྨད་དགེ་རིའི་བྲག་ནས་བཏོན་པའོ། །འདིའི་ནང་དོན་བརྗོད་བྱ་ནི། དམ་ཚིག་དང་ལྡན་པའི་རྣལ་འབྱོར་པ་ལ་སངས་རྒྱས་བསྟན་པའི་སྤྱི་དགྲ་དང་ཁྱད་པར་གྱི་སྒོས་དགྲ། རྦོད་གཏོང་དང། ཆགས་ཆེ་ཉམ་ང་། རྨི་ལྟས་མཚན་མ་ངན་པ་དང་། དལ་ཡམས་སོགས་བྱུང་ན། དེ་དག་བསྒྲལ་བ་དང་། བསྲུང་བ་དང་། བཟློག་པར་བྱ་བའི་ཚུལ་བསྟན།