50716

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཁའ་འགྲོ་གླིང་བཞི་སྲིད་པའི་སྤྱི་མདོས་ (1)
Part of speech མིང་ཚིག
Definition ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས། མཁའ་འགྲོ་གླིང་བཞི་སྲིད་པའི་སྤྱི་མདོས། ཞེས་བྱ་བ་སྟེ། གཏེར་གཞུང་ལས། མཁའ་འགྲོ་གླིང་བཞི་སྲིད་པའི་སྤྱི་མདོས༔ ཐུགས་སྒྲུབ་ཡང་སྙིང་འདུས་པའི་ཆ་རྐྱེན་དུ༔ བདག་འདྲ་མཁར་ཆེན་བཟས་ཞུས་ཏེ༔ སློབ་དཔོན་པདྨ་ཐོད་ཕྲེང་གིས་མཛད་པའོ༔ ཞེས་གསུངས་པ་ལྟར། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་གསོལ་བ་བཏབ་ཅིང་། སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཛད་དེ། གཏེར་དུ་སྦས་པ་ཉིད། གཏེར་ཆེན་རཏྣ་གླིང་པས་དགེ་རིའི་བྲག་ནས་བཏོན་པའོ། །འདིའི་ནང་དོན་ནི། རྣལ་འབྱོར་པ་བྱང་ཆུབ་བསྒྲུབ་པ་ལ་སློབ་མ་དམ་ཚིག་ཉམས་པ་དང། ཕ་རོལ་པོའི་ཉམས་སྒྲིབ་སོགས་ཀྱིས་མཁའ་འགྲོ་ཆོས་སྐྱོང་སོགས་འཁྲུགས་ནས་མཁའ་འགྲོའི་བཀའ་ཆད་ལྷ་འདྲེའི་དལ་ཁ་གཡོས་པ་དང། མ་མོའི་དལ་ཡམས། རྣལ་འབྱོར་ཆགས་ཆེན་ནད་ཀྱིས་ཟིན་པ། བགེགས་ཆེན་འགྲུལ་ཐག་གཅོད་པ་སོགས་ཀྱི་ཆེད་དུ་མཁའ་འགྲོ་སྲིད་པའི་སྤྱི་མདོས་བསྟན་པའོ། །

{{#arraymap:མཁའ་འགྲོ་གླིང་བཞི་སྲིད་པའི་སྤྱི་མདོས་

|; |@@@ | | }}