50717

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཁའ་འགྲོ་མ་ (1)
Part of speech མིང་ཚིག
Definition སྔགས། ཆོས་ལ་སྦྱངས་པ་བྱས་ནས་རྟོགས་པ་མཐོན་པོར་སོན་པའི་བུད་མེད་དང་། གྲུབ་པའི་རྣལ་འབྱོར་མ། ཨོ་རྒྱན་སོགས་ཡུལ་ཉེར་བཞི་ལ་སྐྱེས་པའི་བུད་མེད་བཅས་ལ་གོ །
Domain ཆོས་ལུགས།

{{#arraymap:མཁའ་འགྲོ་མ་

|; |@@@ | | }}

མཁའ་འགྲོ་མ་ (2)
Part of speech མིང་ཚིག
Definition དག་པའི་ཞིང་ཁམས་སོགས་སུ་སྐྱེས་པའི་ལྷ་མོ་ལ་གོ །

{{#arraymap:མཁའ་འགྲོ་མ་

|; |@@@ | | }}

མཁའ་འགྲོ་མ་ (3)
Part of speech མིང་ཚིག
Definition བུད་མེད་གཏུམ་མོ་མི་ཤ་ཟ་ཞིང་ངན་སྔགས་ཤེས་མཁན་གྱི་རིགས་ཤིག་སྟེ། རྒྱ་གར་པ་རྣམས་མཁའ་འགྲོ་མ་ཡོད་སའི་གྲོང་གསེབ་ཏུ་འགྲོ་རྒྱུར་ཞེད་སྣང་བྱེད་པ་དང་། ལྷག་པར་མ་ཎི་ཀཎྜན་བྱ་བའི་གྲོང་དེར་མཁའ་འགྲོ་མང་ཟེར་ནས་འགྲོ་བ་ལ་ཡང་འཇིགས་པར་བལྟ། ཞེས་དགེ་འདུན་ཆོས་འཕེལ་གྱིས་གཏམ་རྒྱུད་གསེར་ཐང་དུ་གསུངས་སོ། །
Example རྒྱལ་སྲས་ཞི་བ་ལྷའི་སྤྱོད་འཇུག་ལས། མཁའ་འགྲོ་སྲིན་པོ་ལ་སོགས་པ། །སྙིང་རྗེའི་སེམས་དང་ལྡན་གྱུར་ཅིག་ཅེས་པ་ལྟ་བུ། འོན་ཀྱང་། ནང་པའི་གསང་སྔགས་ཀྱི་གཞུང་ནས་ལྷན་སྐྱེས་ཀྱི་མཁའ་འགྲོ་མ་དང་། སྔགས་སྐྱེས་ཀྱི་མཁའ་འགྲོ་མ། ཞིང་སྐྱེས་ཀྱི་མཁའ་འགྲོ་མ་ཞེས་གསུམ་རིགས་གསུམ་གསུངས་ཡོད་པ་དང་། དེ་དག་ལས། སངས་རྒྱས་ཟིན་པའི་མཁའ་འགྲོ་མ་ནི་ལྷན་སྐྱེས་ཀྱི་མཁའ་འགྲོ་མ་དང༌། གསང་སྔགས་ཀྱི་ལམ་ལ་ཞུགས་ནས་རྟོགས་པའི་གནས་ཚད་མཐོན་པོར་སླེབས་པའི་མཁའ་འགྲོ་མ་ནི་སྔགས་སྐྱེས་ཀྱི་མཁའ་འགྲོ་མ་དང༌། སྤྱིར་བཏང་གི་བུད་མེད་ཕལ་པའི་རིགས་ཀྱི་ནང་ནས་མཚན་རྟགས་དང་ལྡན་པའི་མཁའ་འགྲོ་མ་ནི་ཞིང་སྐྱེས་ཀྱི་མཁའ་འགྲོ་མ་ཞེས་གསུངས་ཡོད།

{{#arraymap:མཁའ་འགྲོ་མ་

|; |@@@ | | }}