5072
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་ལྔ་པའི་ཤིང་སྦྲུལ་ཕྱི་ལོ ༡༣༠༥ ལོར་སྐུ་འཁྲུངས། བཅུ་གཉིས་པར་མཁན་ཆེན་སེང་གེ་དཔལ་བ་དང་སློབ་དཔོན་རིན་ཆེན་གཞོན་ནུ་གཉིས་ལས་རབ་ཏུ་བྱུང། མཚན་ལ་རིན་ཆེན་སེང་གེ་ཞེས་གསོལ། ཉི་ཤུ་ཐམ་པར་གྲོ་སར་བསྙེན་པར་རྫོགས། སློབ་དཔོན་རིན་ཆེན་གཞོན་ནུ་དང་བྱ་ཡུལ་བའི་སངས་རྒྱས་སྟོན་པ་ཚུལ་ཁྲིམས་སེང་གེ་སོགས་བཤེས་གཉེན་མང་པོ་བསྟེན། མདོ་སྔགས་རིག་གནས་དང་བཅས་པར་སྦྱངས། ཉེར་བཞི་པ་རབ་བྱུང་དྲུག་པའི་ས་འབྲུག་ཕྱི་ལོ ༡༣༢༨ ལོར་ཀམ་ཀམ་གྱི་གདན་སར་ཕེབས། ལོ་ངོ་སོ་ལྔའི་རིང་གདན་ས་བསྐྱངས། བསྟན་འཛིན་གྱི་སྐྱེས་བུ་མང་པོ་གསོ་སྐྱོ་མཛད། གདན་ས་དབོན་པོ་ཀམ་ཀམ་སངས་རྒྱས་འོད་ཟེར་ལ་གཏད། རེ་གཅིག་པ་རབ་བྱུང་དྲུག་པའི་ཤིང་སྦྲུལ་ཕྱི་ལོ ༡༣༦༥་ལོར་སྐུ་གཤེགས། ཀམ་ཀམ་གྱི་གདན་རབས་བདུན་པ་ཡིན། |