5073

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁྲོམ་བཞེར་ཇོ་སྲས་རིན་ཆེན་སེང་གེ་ (1)
Part of speech མིང་ཚིག
Definition རབ་བྱུང་གསུམ་པའི་ཆུ་ལུག་ཕྱི་ལོ་ ༡༡༦༣ ལོར་ཡུལ་འཆུམས་སུ་སྐུ་འཁྲུངས། ཆུང་དུས་ནས་མཁས་གྲུབ་མང་པོའི་ཞབས་ལ་གཏུགས། དབང་དང་གདམས་ངག་མང་དུ་ཞུས། བཅུ་བཞི་པར་སྐྱོ་སྟོན་བྱང་ཆུབ་རིན་ཆེན་ལས་རབ་ཏུ་བྱུང་། མཚན་ལ་རིན་ཆེན་སེང་གེ་ཞེས་གསོལ། འདུལ་བ་ལ་སོགས་པའི་ཆོས་སྐོར་མང་དུ་གསན། བཅུ་དགུ་པར་ཀ་བ་དར་སེང་དང་། དཔལ་ཆེན་རྡོར་གཞོན། གླན་ཚུལ་ཁྲིམས་བྱང་ཆུབ་བཅས་ལས། བསྙེན་རྫོགས་བསྒྲུབས། མདོ་སྔགས་རིག་གནས་དང་བཅས་པར་སྦྱངས། སོ་བརྒྱད་པ་རབ་བྱུང་གསུམ་པའི་ལྕགས་སྤྲེལ་ཕྱི་ལོ་ ༡༢༠༠ ལོར་ཀམ་ཀམ་གྱི་གདན་སར་ཕེབས། སྤངས་ཐང་སྟོད་ཀྱི་གདན་ས་དང་སྦྲགས་ལོ་ངོ་ཉི་ཤུའི་རིང་དགེ་འདུན་གྱི་ཚོགས་བསྐྱངས། བསྟན་འཛིན་གྱི་སྐྱེས་བུ་མང་དུ་གསོ་སྐྱོང་མཛད། བཤད་སྒྲུབ་ཀྱི་བསྟན་པ་དར་རྒྱས་མཛད། ང་བརྒྱད་པ་རབ་བྱུང་བཞི་པའི་ལྕགས་འབྲུག་ཕྱི་ལོ་ ༡༢༢༠ ལོར་སྐུ་གཤེགས། ཀམ་ཀམ་གྱི་གདན་རབས་གསུམ་པ་ཡིན།