50746

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཁའ་འགྲོ་རྡོ་རྗེ་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་བཞི་པའི་སྟོད་དུ་འཁྲུངས། བྱིས་དུས་ནས་ཡི་གེའི་འབྲི་ཀློག་ལེགས་པར་སྦྱངས། མདོ་སྔགས་ཀྱི་གཞུང་ལུགས་ཀུན་ལ་ཡང་དག་པར་སྦྱངས། ལེགས་སྦྱར་གྱི་སྐད་ཡིག་ལ་ནང་བྱན་ཆུད་པའི་ལོ་ཙཱ་བ་ཞིག་ཡིན། བསྒྱུར་རྩོམ་ནི་བསྟན་འགྱུར་ལས་ཚེ་རྩིས་ཀྱི་འབྲས་བུ་གསལ་བར་བྱེད་པ་ཞེས་བྱ་བ་སློབ་དཔོན་མ་ན་པུ་རུ་ཁས་མཛད་པ་བཞུགས།