5075
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་གཉིས་པའི་ལྕགས་འབྲུག་ཕྱི་ལོ་ ༡༡༠༠ ལོར་ཡུལ་འཆུམས་སུ་སྔགས་བརྒྱུད་དུ་སྐུ་འཁྲུངས། རྟེན་སྔགས་པ་སྐྱ་བོར་བཞུགས། སྣ་ནམ་ཇོ་དཔལ་དང་། ལྷ་བཙུན་བྱང་ཆུབ་འོད་ཀྱི་སློབ་མ་དབྱིག་ཐང་སྟོན་པ། སློབ་དཔོན་ཀམ་པ་དང་། ཤ་ར་བ་ཡོན་ཏན་གྲགས། བྱ་ཡུལ་བ་གཞོན་ནུ་འོད་རྣམས་བསྟེན། མདོ་སྔགས་རིག་གནས་དང་བཅས་པར་སྦྱངས། ལྷག་པར་དུ་བྱ་ཡུལ་བ་ཆེན་པོ་ལས་གདམས་ངག་ཐམས་ཅད་རྫོགས་པར་ཞུས། སྒྲུབ་པ་ཉམས་ལེན་མཛད། བརྒྱད་པ་རབ་བྱུང་གཉིས་པའི་མེ་སྤྲུལ་ཕྱི་ལོ་ ༡༡༣༧ ལོར་ཀམ་ཀམ་གྱི་གཙུག་ལག་ཁང་གསར་བཞེངས་མཛད། དགེ་འདུན་ཉིས་བརྒྱ་ལྷག་ཙམ་འདུས། དོན་གཅིག་པ་རབ་བྱུང་གསུམ་པའི་ལྕགས་སྟག་ཕྱི་ལོ་ ༡༡༧༠ ལོར་སྐུ་གཤེགས། |