50750

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཁའ་འགྲོ་སེང་གདོང་ཅན་གྱི་ཟློག་པ་དུག་གྲི་ནག་མོ་ (1)
Part of speech མིང་ཚིག
Definition མཁའ་འགྲོ་སེང་གདོང་ཅན་གྱི་ཟློག་པ་དུག་གྲི་ནག་མོ། ཞེས་བྱ་བ་སྟེ། གཏེར་གཞུང་ལས། བདག་འདྲ་སྔགས་འཆང་པདྨ་འབྱུང་གནས་ལ༔ ལས་ཀྱི་མཁའ་འགྲོ་དབང་མོ་ཆེ་ཡིས་གཏད༔ ད་ལྟ་ལྷ་སྲས་མུ་རི་བཙད་པོ་དང༔ རྒྱལ་བ་མཆོག་དབྱངས་ལང་འགྲོ་ལོ་ཙཱ་ལ༔ ཟབ་པར་གཏད་དེ་ཕྱི་རབས་དོན་དུ་སྦས༔ སྔགས་ཀྱང་འདྲ་མིན་འགའ་རེ་སྦས་ནས་ཀྱང༔ རྒྱས་ཤིང་མཐར་ཐུག་འདི་ཉིད་མན་རེ་ཀན༔ དབང་ཆེན་ཁྲོས་པ་ཕྲིན་ལས་ལ་ཚོགས་སུ༔ ཤིན་ཏུ་ཟབ་ཕྱིར་གནམ་སྐས་བྲག་ལ་སྦས༔ ཞེས་གསལ་བ་ལྟར། གཏེར་ཆེན་རཏྣ་གླིང་པས་རབ་བྱུང་བདུན་པའི་ཁྱི་ལོ་རྟ་ཡི་ཟླ་བའི་ཚེས་བཅུ་ལ་གནམ་སྐས་བྲག་ནས་བཏོན་པའི་ཤོག་སེར་རྒྱལ་བ་མཆོག་དབྱངས་ཀྱི་ཕྱག་བྲིས་ཅན་བདེ་ཆེན་གླིང་དུ་ཕབ། འདིའི་ནང་དོན་ལ། ལོ་རྒྱུས་བཤད་པ་དང་། གདམས་པ་སྟོན་པ། ལས་ལ་སྦྱོར་བ་གསུམ་གྱི་སྒོ་ནས་མཁའ་འགྲོ་འབུམ་གྱི་སྲོག་ཐིག་ཟློག་པ་དུག་གྲི་ནག་པོའི་སྒྲུབ་ཐབས་བསྟན།