50754

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཁའ་འགྲོའི་གཏོར་ཟློག་གུད་དུ་སྦས་པའི་ལས་ཆོག་ཁ་བསྒྱུར་བདུན་པ་ (1)
Part of speech མིང་ཚིག
Definition ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས། མཁའ་འགྲོའི་གཏོར་ཟློག་གུད་དུ་སྦས་པའི་ལས་ཆོག་ཁ་བསྒྱུར་བདུན་པ། ཞེས་བྱ་བ་སྟེ། གཏེར་གཞུང་ལས། གསང་བ་ཐུགས་ཀྱི་ཡང་གཏེར་ལས༔ མཁའ་འགྲོའི་གཏོར་ཟློག་ལས་ཚོགས་བཅས༔ དམ་ལྡན་ནུས་ལྡན་བརྩོན་འགྲུས་ཅན༔ གཉིས་ལྡན་སྐྱེས་བུས་གཞུང་བཞིན་དུ༔ བསྒྲུབས་ཤིང་འབད་པས་ལས་ཚོགས་རྣམས༔ བཀའ་བཞིན་འགྲུབ་པར་མ་གྱུར་ན༔ སྔགས་འཆང་པདྨ་མ་ཤེས་ཀྱི༔ ཐེ་ཚོམ་མི་འཚལ་རྗེས་འཇུག་རྣམས༔ ཐེབ་ཏུ་མ་བཤད་གུད་དུ་སྦས༔ རྩ་གསུམ་བཀའ་ཉན་མཉེས་གཉིས་བསྒྲུབ༔ སྙིང་འདྲའི་བུ་མིན་གཞན་ལ་གསང༔ ཟབ་ཕྱིར་ཐུགས་ཀྱི་ཡང་གཏེར་དུ༔ གདམས་ཏེ་དགེ་རིའི་བྲག་ལ་སྦས༔ ཕྱི་མར་གྱུར་པའི་དུས་ཀྱི་ཚེ༔ ལས་ཅན་གཅིག་དང་ཕྲད་ནས་ཀྱང༔ སངས་རྒྱས་བསྟན་པའི་བཙས་སུ་ཤོག༔ ཅེས་གསུངས་པ་ལྟར། གཏེར་ཆེན་རཏྣ་གླིང་པས་གཉལ་སྨད་དགེ་རིའི་བྲག་ནས་ས་རྟ་ལུག་ཟླའི་ཚེས་བརྒྱད་ཀྱི་ཉིན་པར་བཏོན་པའོ། །འདིའི་ནང་དོན་ལ། མཚན་ངན་དལ་ཡམ་ཟློག་པ་དང་། མཐའ་དམག་དུས་འཁྲུག་ཟློག་པ། གདོན་ཆེན་འདྲེ་རྒོད་ཟློག་པ། སྨྱོ་འབོག་རྒྱལ་ནད་འདུལ་བ། ལྟས་ངན་གཡུལ་སྡིགས་ཟློག་པ། བསྟན་པའི་རུ་དྲ་སྒྲོལ་བ། ཕ་རོལ་རྦོད་གཏོང་ཟློག་པ་བཅས་ཁ་བསྒྱུར་བདུན་གྱི་མཁའ་འགྲོའི་གཏོར་ཟློག་གི་ལས་ཆོག་ཇི་ལྟར་བྱ་ཚུལ་བསྟན།