50761

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཁའ་འགྲོའི་ཟ་ཡིག་གནམ་ལྕགས་སྤུ་གྲི་ (1)
Part of speech མིང་ཚིག
Definition ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས། མཁའ་འགྲོའི་ཟ་ཡིག་གནམ་ལྕགས་སྤུ་གྲི། ཞེས་བྱ་བ་སྟེ། གཏེར་གཞུང་ལས། ཤིན་ཏུ་ཟབ་ཕྱིར་ཐེམ་ཡིག་མེད་པའི་སྐོར༔ གཅེས་འཕོངས་རྒྱས་བཏབ་དགེ་རིའི་བྲག་ལ་སྦས༔ བརྒྱུད་འཛིན་སྙིང་གི་བུ་མཆོག་གང་རེ་ལས༔ སུ་ལའང་མི་སྤེལ་སྙིང་གི་དཀྱིལ་དུ་འཆང༔ ལོག་ཆོས་སྤྱོད་ཅིང་སྔགས་ནག་འཛིང་བའི་དུས༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ ཅེས་པ་ལྟར། གཏེར་ཆེན་རཏྣ་གླིང་པས་གཉལ་སྨད་དགེ་རིའི་བྲག་ནས་བཏོན་པའོ། །འདིའི་ནང་དོན་ལ། གསང་བའི་ཡིག་འབྲུ་ཉི་ཤུ་རྩ་གཅིག་ལས། ཐོག་མར་རང་སྲུང་བའི་ཡི་གེ་བདུན་སྔོན་དུ་བཏང་ནས་གཞན་གྱི་ནུས་པ་འཇོམས་བྱེད་ཀྱི་ཡི་གེ་བདུན་བར་དུ་བཏང་ཞིང་། སྔགས་ཀྱི་བདག་པོས་དབུར་བའི་ཡི་གེ་བདུན་རྗེས་ལ་བཏང་བའི་སྒོ་ནས་གཞན་གྱི་ངན་སྔགས་འཇོམས་པ་དང། ལུས་བསྲུང་བའི་ཚུལ་བསྟན།