50773

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཁའ་ལ་རྫོགས་པའི་གསས་བརྒྱད་ (1)
Part of speech མིང་ཚིག
Definition བོན། ཀུན་དབྱིངས་སྐུ་ལྔ་ལྷ་དགུ་ལས་ལྷ་ཆེན་གཤེན་ལྷ་འོད་དཀར་གྱི་བཀའ་འཁོར་ཞིག་ཡིན་ཏེ། གཟི་བརྗིད་པོད་གསུམ་པ་ལས། ལྷ་ཆེན་དེ་ཡི་བཀའ་འཁོར་ནི། མཁའ་ལ་རྫོགས་པའི་གསས་བརྒྱད་དེ། ཞེས་སོ། །བརྒྱད་ནི། ལྷ་ཆེན་གར་གསས་བཙན་པོ། ལྷ་ཆེན་རྒོད་གསས་ཁམས་པ། ལྷ་ཆེན་གནམ་གསས་དབྱིངས་རུམ། ལྷ་ཆེན་གསས་རྗེ་རྨང་པོ། ལྷ་ཆེན་གར་བུ་ཤང་རྒྱལ། ལྷ་ཆེན་རྒོད་བུ་འཕར་དྲག ལྷ་ཆེན་གནམ་བུ་ཕྱོད་པ། ལྷ་ཆེན་གསས་བུ་ཚོན་གང་དང་བརྒྱད་དོ། །དེ་དག་སྐུ་མདོག་ཆ་ལུགས་སོགས་ཡིག་ཚོགས་མང་རྐྱེན་འདིར་མ་བཀོད། གཟི་བརྗིད་པོད་གསུམ་པ་ལ་གཟིགས།
Domain ཆོས་ལུགས།