50778

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཁའ་ལྡིང་གཤོག་ཐོགས་ཀྱི་གདན་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། གསང་སྔགས་སྤྱི་སྤུངས་ཀྱི་སྐབས་སུ་མཚམས་བཞིའི་ཡི་དམ་ལྷའི་གདན་ལ་བྱ་ཤང་ཤང་ཕུལ་བ་དེ་ཡིན་ལ། ཕྱི་ཚུལ་ལ་གདན་དེ་ལྟར་བཏིངས་པའི་དགོས་དོན་ནི་ནང་ཐུགས་རྒྱུད་ཀྱི་སྤངས་རྟོགས་ཡོན་ཏན་མཚོན་པ་སྟེ་དེ་ཡང་ནང་ལྟར་ན་རྟོག་ཚོགས་ཟིལ་གྱིས་གནོན་པར་མཚོན་ལ། གསང་བ་ལྟར་ན་འཕྲིན་ལས་མཐར་ཕྱིན་མཛད་པར་མཚོན་ཏེ། དེ་ཡང་མཁའ་ལྡིང་དེ་ཉིད་མུ་མེད་ནམ་མཁའི་ཁྱོན་དུ་གཤོག་རླབས་ཀྱིས་བསྐྱོད་དེ་གང་སར་ཁྱབ་པ་བཞིན། སངས་རྒྱས་ཀྱི་མཛད་པའི་འཕྲིན་ལས་ཀྱིས་ཀྱང་གདུལ་བྱའི་ཞིང་ཁམས་གང་གི་གདུལ་བྱ་གང་ལའང་ཕྱོགས་མེད་དུ་མཛད་དེ་ཁྱབ་པའི་དོན་དུ་གསུངས་པའོ། །
Domain ཆོས་ལུགས།