50787
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པ་ལས་གསུངས་པའི་ཐབས་འཛུད་བསྲེ་བའི་སྤྱོད་པའི་ཁོངས་གཏོགས་བརྟུལ་ཞུགས་ཀྱི་སྤྱོད་པ་ཉེར་གསུམ་གྱི་ནང་གསེས་ཤིག་སྟེ། གདུལ་བྱའི་དོན་དུ་རྣམ་པ་ཕྱི་རོལ་པའི་མཁའ་ལྡིང་ལྟ་བུའི་བརྟུལ་ཞུགས་དང་རྗེས་མཐུན་དུ་སྤྱད་ནས་དོན་ལ་གསང་བ་མཆོག་གི་ལམ་ལ་དྲང་བའི་ཐབས་མཁས་ཀྱི་སྤྱོད་ཚུལ་ཞིག སྒྱུ་འཕྲུལ་རྔམ་གློག་ལས། མཁའ་ལྡིང་ལྟ་བུའི་བརྟུལ་ཞུགས་ཀྱིས། །ཀུན་ཏུ་འཛེམ་པའི་ལས་ཆེན་བྱ། །ཞེས་དང་། གཟི་ལྡན་འཆར་ཁའི་འོད་སྣང་ལས། དཔེར་ན་བྱ་རྒོད་གང་གིས་སྲོག་མི་གཅོད་པར་སྡོམ་པ་སྲུངས་ཤིང་གཞན་གྱི་གོད་གང་ལ་འབྲང་སྟེ་བསྲུང་བས་ནམ་མཁའ་ལྡིང་གི་དབང་པོ་ལྟར། རྣལ་འབྱོར་པས་བླ་མ་དང་མཆེད་ཀྱི་དཀོར་དང་ཁ་ན་མ་ཐོ་ལ་འཛེམ་ཞིང་གདུལ་བྱར་གྱུར་པའི་རྫས་མ་བྱིན་པར་བླངས་པས་ཀྱང་གཞན་དོན་སྒྲུབ་པའི་བརྟུལ་ཞུགས་ཏེ། ཞེས་གསུངས། |
| Domain | ཆོས་ལུགས། |