50795

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཁའ་སྤྱོད་ (1)
Part of speech མིང་ཚིག
Definition བར་སྣང་ཁམས་སུ་འགྲོ་བའི་དོན།
མཁའ་སྤྱོད་ (2)
Part of speech མིང་ཚིག
Definition བྱ་སྤྱིའི་མིང་སྟེ། ནམ་མཁའ་ལ་ཕུར་ཏེ་འགྲོ་བས་ནའོ།
Type མངོན་བརྗོད།
མཁའ་སྤྱོད་ (3)
Part of speech མིང་ཚིག
Definition སྔགས། མི་འཆི་བར་ནམ་མཁལ་ལ་གནས་ནུས་པ་སྟེ། ཐུན་མོང་གི་དངོས་གྲུབ་ནི་བརྒྱད་ཀྱི་ཡ་གྱལ་ཡིན།
Domain ཆོས་ལུགས།
མཁའ་སྤྱོད་ (4)
Part of speech མིང་ཚིག
Definition གསང་སྔགས་ཀྱི་གཞུང་ལས་དག་པ་མཁའ་སྤྱོད་ཅེས་པའི་སངས་རྒྱས་ཀྱི་ཞིང་ཁམས་ཞིག་གསུངས་ཡོད་པ་དེ་ནི་སྔགས་ཀྱི་ལམ་ལ་བརྟེན་ནས་ཚེ་གཅིག་ལ་སངས་རྒྱས་པའི་གང་ཟག་རྣམས་ལུས་མ་སྤངས་པར་ཞིང་དེར་སྐྱེ་ཐུབ་ཅེས་བཤད།
མཁའ་སྤྱོད་ (5)
Part of speech མིང་ཚིག
Definition ལྷ་སྤྱིའི་མིང་སྟེ། ནམ་མཁའ་ལ་འགྲོ་བའི་ཆ་ནའོ། །