50842

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཁར་རྡོ་བཟོད་པ་རྒྱ་མཚོ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གཅིག་པའི་ཆུ་བྱི་ཕྱི་ལོ་ ༡༦༧༢ ལོར་ལྷ་སར་ཡབ་ངག་དབང་ཚུལ་ཁྲིམས་དང་། ཡུམ་ཨ་ལྕེ་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། བྱིས་དུས་ཀྱི་མིང་ལ་ཤེས་རབ་རྒྱ་མཚོ་ཞེས་འབོད། བདུན་པར་ཡི་གེའི་སྦྱོར་ཀློག་དང་འདོན་ཆོས་བཅས་སྦྱངས། བཅུ་གསུམ་པར་སེར་བྱེས་གྲྭ་ཚང་དུ་ཞུགས། མཁན་པོ་རྒྱལ་མཚན་དོན་གྲུབ་ལས་རབ་བྱུང་དང་དགེ་ཚུལ་མཉམ་གཅིག་ཏུ་བསྒྲུབས། མཚན་ལ་བཟོད་པ་རྒྱ་མཚོ་ཞེས་གསོལ། བཅུ་བཞི་པ་ནས་བསྡུས་གཞུང་དང་། ཕར་ཕྱིན་གཉིས་ལ་སྦྱངས། བཅུ་བདུན་པར་སྒྲུབ་ཁང་པ་དགེ་ལེགས་རྒྱ་མཚོའི་ནས་བྱང་ཆུབ་ལམ་རིམ་དང་། བློ་སྦྱོང་དོན་བདུན་མ། གཅོད། སྙིང་པོ་དོན་གསུམ་བཅས་ཀྱི་ཁྲིད་རྣམས་མནོས། ཉི་ཤུ་པར་མཁན་པོ་རྒྱལ་མཚན་དོན་གྲུབ་ལས་བསྙེན་པར་རྫོགས། བྲག་ཡེར་པ་དང༌། མཁར་རྡོ། འཕན་པོ། འབུམ་པ། རྭ་སྒྲེང་སོགས་གནས་ངེས་མེད་དུ་ལོ་འགར་སྒོམ་སྒྲུབ་ལ་གཞོལ། སླར་མཁར་རྡོ་དུ་སྒྲུབ་སྡེ་བཙུགས། དགེ་འདུན་མང་པོའི་ཚོགས་པ་བསྐྱངས། སྐུ་གསུང་ཐུགས་རྟེན་མང་དུ་བཞེངས། འདས་ལོ་མི་གསལ། གསུང་རྩོམ་ནི་བླངས་དོར་མུན་སེལ། བླ་མ་མཆོད་པའི་ཁྲིད། ཕ་བོང་ཁའི་དཀར་ཆག བདེ་ལམ་གྱི་ཞལ་ཤེས་ལྷན་ཐབས། རྡོར་སེམས་ཁྲི་ཡིག། བླ་མའི་རྣལ་འབྱོར། མེ་ཏོག་བཅུད་ལེན་གྱི་སྡོམ་པ། རྒྱུན་ཁྱེར་གཅོད་ཀྱི་སྙིང་པོ། རྡོར་སེམས་བུམ་སྒྲུབ། མགུར་མ་ཕྱོགས་སྡེབས། རྡོ་རྗེ་འཇིགས་བྱེད་ཀྱི་བསྙེན་ཡིག། བྱང་ཆུབ་ལམ་གྱི་རིམ་པའི་སྔོན་འགྲོའི་དོན་བསམ་པ་མདོ་ལུང་གསལ་བའི་ཉི་མ། རྗེ་དགེ་ལེགས་རྒྱ་མཚོའི་རྣམ་ཐར། རྟ་ཕུག་པའི་རྣམ་ཐར་བཅས་ཆོས་ཚན་ཉི་ཤུ་རྩ་གཉིས་བཞུགས། ལམ་རིམ་བླ་བརྒྱུད་ཀྱི་བླ་རབས་ལྔ་བཅུ་ང་གསུམ་པ་ཡིན།
Synonyms བློ་བཟང་སྒོམ་ཆུང།