50891

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཁས་གྲུབ་དར་མ་རྒྱལ་མཚན་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་བཞི་པའི་མགོར་ཐང་ལྷའི་ཉེ་ལོགས་སུ་ཡབ་བསོད་ནམས་མགོན་དང་། ཡུམ་བཀྲ་ཤིས་གཉིས་ཀྱི་སྲས་སུ་འཁྲུངས། ཆུང་དུས་ནས་རྟེན་གསུམ་ལ་དད་པ་སོགས་ཀྱི་ཡོན་ཏན་མངའ། ། དགུང་ལོ་དྲུག་པར་ཡི་གེའི་སྦྱོར་ཀློག་ལ་བྱང་། ཡུམ་རྒྱས་འབྲིང་སོགས་ཚིག་དོན་རགས་པའི་གོ་རྙེད། བཅུ་དགུ་པར་ཆོས་རྗེ་རང་བྱུང་རྡོ་རྗེ་དང་། མཁན་ཆེན་གཞོན་ནུ་བྱང་ཆུབ་གཉིས་ལས་རབ་བྱུང་དང་བསྙེན་རྫོགས་བསྒྲུབས། སྙེ་མདོ་བ་ཀུན་དགའ་དོན་གྲུབ་དང་། བླ་མ་ཚུལ་ཁྲིམས་རིན་ཆེན། རྟོགས་ལྡན་གྲགས་པ་སེང་གེ མཁན་ཆེན་ནམ་མཁའ་རྒྱལ་མཚན། བླ་མ་བསོད་ནམས་རིན་ཆེན། བྱང་ཆུབ་མགོན་པོ། བསོད་ནམས་སེང་གེ་སོགས་བཤེས་གཉེན་མང་པོ་བསྟེན། བཀའ་བསྟན་གྱི་གཞུང་ལ་ཐོས་པ་རྒྱ་ཆེར་གནང་། མན་ངག་ལ་གཙོར་བཟུང་གིས་སྒྲུབ་པར་གཞོལ། དབེན་པ་རྣམས་སུ་གཡེང་བ་རྣམ་བཅད་ཀྱིས་བསྒོམས། ཕག་མོའི་རི་ཁྲོད་དུ་རྟོགས་ལྡན་གྲགས་པ་སེང་གེ་ལས་བསྙེན་སྒྲུབ་དང་། སྙིང་ཐིག མཁའ་སྤྱོད་བསྙེན་སྒྲུབ་སོགས་ཀྱི་གདམས་པ་སོགས་གསན། གནས་ནང་གི་གདན་སར་བསྐོས། སློབ་མ་གཙོ་བོ་ནི། ཞྭ་དམར་བ་སྐུ་ཕྲེང་དང་པོ་ཡིན།

{{#arraymap:མཁས་གྲུབ་དར་མ་རྒྱལ་མཚན་

|; |@@@ | | }}