50892

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཁས་གྲུབ་ནམ་མཁའ་བཟང་པོ་ (1)
Part of speech མིང་ཚིག
Definition རྒྱུད་སྟོད་མཁན་ཐོག་སོ་བདུན་པ་དང་དགའ་ཁྲི་ང་ལྔ་པ་མཁས་གྲུབ་ནམ་མཁའ་བཟང་པོ་ནི། ཕྱི་ལོ་ ༡༦༨༥ ཤིང་མོ་གླང་ལ་རྡོ་ཟུག་རྨོག་རི་ལྡན་ཐང་དུ་སྐུ་འཁྲུངས། གཞོན་ནུའི་དུས་ནས་དབུས་སུ་བྱོན་ནས་འབྲས་སྤུངས་གཞུང་པ་ཁང་ཚན་ལ་བཞུགས་ནས་ལྷ་སའི་རབ་འབྱམས་གྲྭ་སྐོར་སོགས་མཛད། རྒྱུད་སྟོད་དུ་བྱོན་ནས་སྔགས་ལ་སྦྱངས་པར་མཛད་རྗེས་སྒྲུབ་པ་ལ་རྩེ་གཅིག་ཏུ་བཞེད་དེ་འབྲས་སྤུངས་ཀྱི་རྒྱབ་རི་དགེ་འཕེལ་རི་ཁྲོད་དུ་ཕེབས་ནས་འཇམ་དབྱངས་བཞད་པའི་སྒྲུབ་ཁང་ནས་མདོ་སྔགས་གཉིས་ཉམས་ལེན་མཛད་ཞོར་ལ་འབྲས་སྤུངས་ཀྱི་ཁྲི་པ་དང་། དེ་ནས་རྒྱུད་སྟོད་དང་ཤར་རྩེའི་བླ་མ་མཛད་རྗེས། དགུང་གྲངས་ ༦༡ ཕེབས་པ། ཕྱི་ལོ་ ༡༧༤༦ མེ་ཕོ་སྟག་གི་ལོར་དགའ་ཁྲིར་འཁོད་དེ། རྒྱལ་བསྟན་སྤྱི་དང་ཁྱད་པར་དགེ་ལྡན་ལུགས་བཟང་སྤེལ་བཞིན་པའི་མུ་ནས། ཕྱི་ལོ་ ༡༧༥༧ མེ་མོ་གླང་གི་ལོར་ཁྲི་ཐོག་ཏུ་གཤེགས་ཚུལ་བསྟན།

{{#arraymap:མཁས་གྲུབ་ནམ་མཁའ་བཟང་པོ་

|; |@@@ | | }}