50893

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཁས་གྲུབ་ནོར་བཟང་རྒྱ་མཚོ་ (1)
Part of speech མིང་ཚིག
Definition རབ་བྱུང་བདུན་པའི་ཆུ་ཡོས་ཕྱི་ལོ་ ༡༤༢༣ ལོར་གཙང་རྟ་ནག་རང་བྱུང་དུ་ཡབ་ནམ་མཁའ་དཔལ་བཟང་དང་། ཡུམ་ཆོས་སྐྱབས་འབུམ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་བཅུ་གསུམ་པར་བྲག་དམར་ཆོས་སྡིངས་སུ་བྱོན། ཆོས་རྗེ་བློ་གྲོས་མགོན་པ་དང་། བྱང་སེམས་ཆོས་འཕེལ་རྒྱལ་མཚན་གཉིས་ལས་རབ་ཏུ་བྱུང་། བཀའ་ཆོས་ཀྱང་མནོས། རི་ཁུད་ཆོས་སྡེར་མཁྱེན་རབ་དབང་ཕྱུག་གྲགས་པ་བཟང་པོ་ལས་སྡེ་སྣོད་གསུམ་ལ་གསན་བསམ་གནང་། འཆུམས་བདེ་ཆེན་དང་ཆོས་འཁོར་སྒང་དུ་བྱོན། ཀུན་མཁྱེན་ཤེས་རབ་རིན་ཆེན་སོགས་བཤེས་གཉེན་མང་པོ་ལས་དབང་ལུང་མན་ངག་མང་དུ་གསན། བཀྲ་ཤིས་ལྷུན་པོར་རྗེ་དགེ་འདུན་གྲུབ་པ་ལས་བྱང་ཆུབ་ལམ་རིམ་དང་། བཀའ་པོད་ལྔ་བཅས་ལ་ཞིབ་སྦྱངས། གསང་ཕུའི་གྲྭ་སྐོར་མཛད། སོ་ལྔ་པར་དགའ་ལྡན་དུ་ཆོས་རྗེ་བློ་གྲོས་ཆོས་སྐྱོང་དང་། ཆོས་རྗེ་གྲགས་པ་འོད་ཟེར། རོང་པོ་བློ་བཟང་གསུམ་ལས་བསྙེན་པར་རྫོགས། དབང་ལུང་མན་ངག་མང་དུ་མནོས། སོ་བདུན་པར་དབེན་གནས་རིན་ཆེན་སྒང་སོགས་སུ་ལོ་བཞི་བར་སྒོམ་སྒྲུབ་ཉམས་ལེན་གནང་། རྟོགས་པའི་ཡོན་ཏན་ལ་མངའ་བརྙེས། གོ་གཅིག་པ་རབ་བྱུང་དགུ་པའི་ཆུ་བྱ་ཕྱི་ལོ་ ༡༥༡༣ ལོར་སྐུ་གཤེགས། ལམ་རིམ་བླ་བརྒྱུད་ཀྱི་བླ་རབས་ང་བདུན་པ་ཡིན། མཆོག་གྱུར་གྱི་་ཐུགས་སྲས་ནི་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་ཡིན། གསུང་རྩོམ་ནི་དུས་འཁོར་སྤྱི་དོན་དྲི་མེད་འོད་རྒྱནདང་། རྩིས་གཞུང་པད་དཀར་ཞལ་ལུང་། དཔལ་གསང་བ་འདུས་པའི་རིམ་གཉིས་ཀྱི་གནད་དོན་གསལ་བར་སྟོན་པ་རིམ་ལྔ་ཡང་གསལ་སོགས་བཞུགས།

{{#arraymap:མཁས་གྲུབ་ནོར་བཟང་རྒྱ་མཚོ་

|; |@@@ | | }}