50896

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཁས་གྲུབ་འཇམ་དཔལ་ཚུལ་ཁྲིམས་ (1)
Part of speech མིང་ཚིག
Definition རྒྱུད་སྟོད་མཁན་ཐོག་ ༥༤ པ་དང་དགའ་ཁྲི་ ༧༢ པ་ཚེ་སྨོན་གླིང་སྐུ་ཕྲེང་ ༢ པ་མཁས་གྲུབ་འཇམ་དཔལ་ཚུལ་ཁྲིམས་ནི། ཕྱི་ལོ་ ༡༧༦༩ ས་མོ་གླང་གི་ལོར་ཅོ་ནེ་མདོར་འཁྲུངས། དབུས་སུ་ཕེབས་ཏེ་སེར་སྨད་དུ་གཞུང་ལུགས་ལ་སྦྱངས་པ་དཔྱིས་ཕྱིན་པར་མཛད་ནས་ལྷ་རམས་ཨང་དང་པོ་ཐོན། རྒྱུད་དུ་བཞུགས་ནས་བཤེས་གཉེན་དུ་མའི་དྲུང་ནས་སྔགས་ཀྱི་གསན་སྦྱོངས་མཛད། དེ་ནས་རིམ་བཞིན་རྒྱུད་པའི་བླ་མ་དང་། མཁན་ཁྲིར་ཕེབས་ཏེ་རྒྱུད་ཆེན་གོང་མའི་རྣམ་ཐར་བདག་གིར་བཟུང་བ་སོགས་བསྟན་འགྲོའི་དཔལ་ཡོན་དམ་པར་གྱུར། དགུང་གྲངས་ ༦༢ ཕེབས་པ་ཕྱི་ལོ་ ༡༨༣༠ ལྕགས་སྟག་ལོར་དགའ་ཁྲིར་ཕེབས་ཤིང་ཁྲི་ལོ་བདུན་བསྐྱངས། དགུང་གྲངས་ ༧༦ ཕེབས་པ་ཕྱི་ལོ་ ༡༨༤༤ ཤིང་ཕོ་འབྲུག་གི་ལོར་བར་དགའ་ཁྲི་དང་། སྲིད་སྐྱོང་ཟུང་འབྲེལ་མཛད། མདོར་ན་ལུགས་གཉིས་ཀྱི་བསྟན་འགྲོའི་དོན་བསམ་གྱིས་མི་ཁྱབ་པ་མཛད།

{{#arraymap:མཁས་གྲུབ་འཇམ་དཔལ་ཚུལ་ཁྲིམས་

|; |@@@ | | }}