50897

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཁས་གྲུབ་ཡོན་ཏན་རྒྱལ་མཚན་ (1)
Part of speech མིང་ཚིག
Definition འཁྲུངས་ཡུལ་ནི་མདོ་ཁམས་ཡིན། དཔལ་ལྡན་གསང་ཕུའི་དགེ་བཤེས་ཡིན་ཅིང་། འཕགས་པ་འཇམ་དཔལ་གྱི་ཞལ་གཟིགས་ཤིང་། ས་ར་ཧ་དང་ལོ་གསུམ་ནས་མཇལ་བའི་ལུང་བསྟན་ཐོབ་པ་ལྟར། དུས་འགྲིག་པར་སྐྱེས་མཆོག་འབའ་ར་བ་དང་མཇལ་ཞིང་། ཐུགས་ཀྱི་བཞེེད་པ་ལྟར་གྱི་གདམས་པ་ཐོབ་ཅིང་། ལྷག་པར་འབར་ཆོས་ཐར་གྲུ་ཡོོངས་རྫོགས་ཞུས་ནས། རོང་གི་བྲག་དཀར་ཆོས་སྡིངས་ཀྱི་དགོན་པ་བཏབ་ནས་བཞུགས། ཆོས་རྗེའི་དྲུང་དུ་ཞུ་བ་པོ་བྱས་ཏེ་བདེ་ཆེན་སྐོར་གསུམ་གྱི་བཀའ་བབ། བཀའ་བསྡུའང་མཛད། གསང་བའི་རྣམ་ཐར་དང་། རྣམ་ཐར་གསོལ་འདེབས་ཀྱི་འགྲེལ་པ་པུ་ཏིར་ལོངས་པ་མཛད་པ་དང་། ཐུགས་དམ་གཙོ་བོར་འབར་ཆོས་ཁོ་ན་གནང་། ཐུགས་སྲས་སློབ་མ་ཡང་སྙན་རས་ནམ་མཁའ་རྒྱལ་མཚན་དང་། (འདི་ལ་རྒྱལ་དབང་རྗེས་འབར་ལུགས་གསན།) ག་ག་རྡོ་ཚ་སོགས་མང་དུ་བྱུང་། སྙན་རས་ཀྱི་སློབ་མ་གྲུབ་ཆེན་སྦྱིན་པ་རྒྱལ་མཚན། དེའི་སློབ་མ་མོན་རྫོང་རས་ཆེན་སོགས་འབར་ལུགས་ཁོ་ནའོ། །

{{#arraymap:མཁས་གྲུབ་ཡོན་ཏན་རྒྱལ་མཚན་

|; |@@@ | | }}