50900
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བོན་གྱི་གྲྭ་ས་འོག་མ་གཡུང་དྲུང་གླིང་གི་དཔོན་སློབ་ཁྲི་རབས་བདུན་པ་མཁས་གྲུབ་ལུང་རྟོགས་རྒྱ་མཚོ་མཆོག་ནི། གཤེན་འབྱུང་ལྡན་299 ཉག་མ་བཅོ་ལྔ་ས་མོ་ཡོས་ཀྱི་ (ཕྱི་ལོ་1879) ལོར་གངས་ཅན་ཤར་ཕྱོགས་མདོ་ཁམས་ཟལ་མོའི་སྒང། སྡེ་དགེ་ཞེས་པའི་ས་གནས་དེར་འཁྲུངས་ཤིང་། སྔོན་སྦྱངས་སྐྱེས་སྟོབས་ཀྱི་ཤེས་རབ་ཀྱིས། ཤེས་རིག་གི་གཞུང་ལ་འགྲན་ཟླ་བྲལ་བའི་མཁས་གྲུབ་ཞིག་བྱུང་བས། ཉིད་ཀྱིས་བརྩམས་གནང་བའི་བརྩམ་ཆོས་ནི། བསྟན་འབྱུང་རིག་པའི་ཤན་འབྱེད་ནོར་བུ་ཀེ་ཏ་ཀའི་དོ་ཤལ་དང་། སྡེབ་སྦྱོར་རིན་ཆེན་འབྱུང་གནས་ཀྱི་འགྲེལ་བཤད་ཀླུ་ཡི་དབང་པོའི་གདེང་ཀ བསྟན་བཅོས་མཁས་པའི་ལེགས་བཤད་རྣམ་དཔྱོད་རིག་པའི་ལྡེ་མིག། གཙུག་ལག་རྩིས་ཀྱི་རིག་པ་སྣང་སྲིད་མེ་ལོང་ལས་ནག་རྩིས་ཀྱི་རབ་ཏུ་བྱེད་པ། གཙུག་ལག་རྩིས་སྒོ་ཀུན་ལས་བཏུས་པའི་འབྲས་རྩིས་བདེན་དོན་སྙིང་པོ། སོ་སོ་ཐར་བའི་བསླབ་བྱ་ནོར་བུའི་དོ་ཤལ། སྨྲ་སེང་འཕྲུལ་གྱི་རྡེལ་མོ་མངོན་ཤེས་གསལ་བའི་སྒྲོན་མ། གཏོ་ཐབས་བརྒྱ་རྩའི་ཁ་བསྒྱུར། སྨྲ་སེང་རྩ་སྒྲུབ་ཀྱི་གཞུང། སངས་རྒྱས་ཐུགས་ལས་སྤྲུལ་པའི་གནས་མཆོག་བོན་རི་ཆེན་པོའི་རྟོགས་བརྗོད་ནམ་མཁའི་རྔ་སྒྲ། བསྐང་བ་རིན་ཆེན་སྙེ་མ། སྣང་གསལ་ནམ་མཁའ་རྒྱལ་མཚན་གྱི་གསོལ་འདེབས་བཅས་ཡིན། དམ་པ་ཉིད་ཀྱི་རྣམ་ཐར་ཞིབ་ཕྲ་མཇལ་ཡུལ་དཀའ་བས་དེ་ཙམ་མོ། །གཡུང་དྲུང་གླིང་གི་དཔོན་སློབ་ཁྲིར་བཞེས་པའི་སྐོར་དང་ཡབ་ཡུམ་གྱི་མཚན། འདས་ལོ་སོགས་གསལ་པོ་མ་རྙེད་དོ། ། |