50902
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཀུན་མཁྱེན་པདྨ་དཀར་པོའི་དངོས་སློབ་ཡིན། ཐོག་མར་འབྲས་ཡུལ་སྐྱེད་ཚལ་དུ་མདོ་ཕྱོགས་ཀྱི་གསན་པ་མཛད། ཀུན་མཁྱེན་རྒྱལ་བའི་དབང་པོ་ཉིད་ལ་མི་ཕྱེད་པའི་དད་པ་ཐོབ། གནས་ལུགས་ཀྱི་རང་ཞལ་གཟིགས། ལོངས་སྤྱོད་ཆར་བཞིན་དུ་བབས་ཀྱང་དངོས་པོའི་འཛིན་པ་བྲལ། ཅོག་གྲྭའི་གྲྭ་ཚང་ལོ་མང་པོའི་བར་དུ་བསྐྱངས། ཁོང་ལ་ལྷོ་བྲག་མཁར་ཆུའི་སྒྲུབ་སྡེ། དགེ་འདུན་བརྒྱ་ལྷག་གི་ཕོགས་འགྲོ་བའི་མཆོད་གཞིས་རྩིས་སྤྲོད་གནང༌། འདི་ཉིད་ཐུགས་དམ་གྱི་རྟོགས་པ་མཐོ་ཞིང༌། བསྲེ་འཕོ་སོགས་ཁྲིད་ཐམས་ཅད་ངེས་པའི་དབང་གིས་ལྷོ་བྲག་པ་སྐྱ་སེར་ཀུན་གྱིས་ཕྱག་གི་གནས། མཆོད་པའི་ཡུལ་བླ་གཅིག་མ་ལྟ་བུར་གྱུར། ཀུན་མཁྱེན་གྱིས་ལྷོ་བྲག་མཁར་ཆུར་མི་འཁྲུགས་པའི་སྐུ་ཞིག་བཞེངས་ན། གདུལ་བྱར་གྱུར་པ་མཐའ་དག་གི་ལས་ཀྱི་སྒྲིབ་པ་སྦྱོང་བ་དང༌། ཞིང་དེར་སྐྱེ་བའི་རྟེན་འབྲེལ་ཡོད་ཅེས་གསུངས་པ་ལྟར། ཕྱིས་གནས་དེར་སྐུའི་ཆ་བྱད་ཁྲུ་བཅོ་ལྔ་ཙམ་ཡོད་པ་གསེར་ཟངས་ལས་བསྒྲུབས་པའི་ཁུར་གཙོ་བོར་བཞེས་པ་སོགས་ཕྲིན་ལས་བསམ་གྱིས་མི་ཁྱབ་བོ། ། |