50904

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཁས་གྲུབ་སྦྱིན་པ་དར་རྒྱས་ (1)
Part of speech མིང་ཚིག
Definition རབ་བྱུང་དགུ་པའི་ས་རྟ་ཕྱི་ལོ་ ༡༥༥༨ ལོར་འཁྲུངས། དགའ་ལྡན་བྱང་རྩེ་གྲྭ་ཚང་གི་མཚན་ཉིད་ཡིག་ཆའི་བདག་ཉིད་ཅན་ཡིན། འདས་ལོ་མི་གསལ། གསུང་རྩོམ་ནི་རྒྱུ་འབྲས་འཁོར་ལོ་དང་། ཡུལ་དང་ཡུལ་ཅན་གྱི་རྣམ་བཤད་གསལ་བའི་མེ་ལོང་། གཞན་སེལ་ནོར་བུའི་ཕྲེང་བ། རྟགས་རིགས་ཀྱི་ཟུར་རྒྱན། ཡང་དག་མཐའི་སྤྱི་དོན། ཕར་ཕྱིན་གྱི་སྤྱི་དོན། བློ་རིག་གི་རྣམ་གཞག་ལུང་རིགས་བང་མཛོད། བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་འགྲེལ་དང་བཅས་པའི་སྐལ་བཟང་ཀླུ་དབང་རོལ་མཚོའི་སྤྱི་དོན་བཅས་པོད་གཉིས་བཞུགས། རྣམ་ཐར་ཞིབ་མཇལ་མ་རྙེད།