50914
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཁོང་ནི་ཆུང་ངུའི་དུས་ནས་རས་པ་དཀར་པོའི་མདུན་དུ་རབ་ཏུ་བྱུང་ཞིང་མཚན་བྱང་ཆུབ་རྡོ་རྗེ་བྱ་བར་བཏགས། དབང་བསྐུར་ཞིང་གདམས་པ་རྣམས་རྫོགས་པར་ཞུས་པས་ཡོན་ཏན་གྱི་སྒོ་དུ་མ་དང་ལྡན་པར་གྱུར། དེ་ཡང་རེ་ཞིག་གི་ཚེ་མཛེ་ཕོ་བཅུ་གསུམ་ཁྲིད་ནས་རྐེ་མཛོ་རྡོ་རྗེ་ཐོག་འབེབས་བྱ་བའི་མགོ་ན་བྱོན་ནས་བཞུགས་པ་ལ། ནུབ་གཅིག་རས་པ་དཀར་པོའི་ཨང་རག་གྱོན་པ་གཅིག་གིས་སྣ་དྲངས་ཞིང༌། མི་མ་ཡིན་མང་པོ་ནམ་མཁའ་ལས་བྱུང་ནས་ཆོ་འཕྲུལ་སྣ་ཚོགས་བསྟན་ཅིང་ཐོག་དང་སེར་བ་ཆེན་པོ་ཕབ་པས་མཛེ་ཕོ་གཅིག་མལ་དུ་བསད། བཅུ་གཉིས་པོར་དེ་ཉིད་ལ་ཕན་པར་གྱུར། དེ་ནས་མོང་སེ་ར་སྣ་བྱ་བར་དགོན་པ་བཏབ་ཅིང་འགྲོ་དོན་ཆེན་པོ་ཡང་མཛད་ཅིང༌། དེ་ཡང་མཁས་གྲུབ་ཆེན་པོ་ཡིན་ཏེ་བྱང་དཔལ་བྱང་རྡོར་གཉིས་ཟེར་ནས་ལུས་མེད་རྡོ་རྗེ་དང་མཚན་མཉམ་པོར་འབོད་པ་བྱུང་ངོ༌། ། རབ་བྱུང་བཞི་པའི་ནང་ཙམ་ལ་བྱོན། |