50935

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཁས་པས་བསྟོད་ཅིང་མཛངས་པས་མ་སྨད་པའི་ཆོས་བཞི་ (1)
Part of speech མིང་ཚིག
Definition དྲན་པ་གཅད་དུ་མེད་པ་ཡིན། སངས་རྒྱས་ཀྱི་ཆོས་རྣམས་ལ་དྲན་པ་ངེས་པ་ཡིན། བདག་ཉིད་ཀྱིས་ཀྱང་ཆོས་ཀྱི་སྣོད་དུ་གྱུར་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རྟེན་དུ་གྱུར་པའང་ཡིན།
Domain ཆོས་ལུགས།
མཁས་པས་བསྟོད་ཅིང་མཛངས་པས་མ་སྨད་པའི་ཆོས་བཞི་ (2)
Part of speech མིང་ཚིག
Definition གཟུངས་ཐོབ་པ་རྗེས་སུ་ཐོབ་པར་འགྱུར་བ་ཡིན། སྐྱེ་བ་རྣམ་པར་ལོག་ནས་ཀྱང་སངས་རྒྱས་ཀྱི་བྱང་ཆུབ་ཐམས་ཅད་རྗེས་སུ་ཐོབ་པར་འགྱུར་བ་ཡིན། ལྟ་བ་སྡིག་པ་ཅན་མ་ཡིན་པའི་ཁྱིམ་དག་ཏུའང་སྐྱེ་བར་འགྱུར་བ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བསྟན་པ་ལའང་མངོན་པར་འབྱུང་བ་ལ་ཡིད་གཞོལ་བ་ཡིན། འདོད་པའི་ཡོན་ཏན་ལྔ་པོ་དག་ཀྱང་སྤོང་བ་ཡིན་ནོ། །