50937

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཁས་བཙུན་གཞོན་ནུ་དཔལ་ (1)
Part of speech མིང་ཚིག
Definition མྱང་སྨད་གཅུང་བ་ཡུ་བ་གདོང་དུ་ཡབ་རྒྱལ་པོ་ཆེ་འཕེལ་དང་། ཡུམ་རྒྱ་མོ་ཁྱེ་འདྲེན་དཔལ་གཉིས་ཀྱི་སྲས་སུ་འཁྲུངས། འཁྲུངས་ལོ་མི་གསལ། དགུང་ལོ་བཅུ་པར་སྣར་ཐང་གི་མཁན་ཆེན་ནམ་མཁའ་གྲགས་ལས་རབ་བྱུང་བསྒྲུབས། ཆུ་མིག་པ་སོགས་ལས་སྡེ་སྣོད་ཀུན་ལ་སྦྱངས། ཉི་ཤུ་པར་མཁན་ཆེན་ནམ་མཁའ་གྲགས་ལས་དགེ་སློང་མནོས། ཉེར་གཉིས་པར་ས་སྐྱའི་བླ་མ་འཕགས་པ་ལས་རྒྱུད་ཀྱི་བཤད་པ་མང་པོ་གསན། གདན་ས་ན་བཞུགས་པའི་མཁས་མང་ལས་རྒྱུད་སྡེ་ཞུས། སློབ་ཚོགས་ཀྱང་མང་དུ་བསྐྱངས། བླ་མ་གྱ་གསུམ་གདམས་ངག་ཟབ་དགུ་ཞུས། ལྷག་ཏུ་སངས་རྒྱས་སྟོན་པ་ལས་ཤངས་པ་བཀའ་བརྒྱུད་ཀྱི་གདམས་ངག་ཡོངས་རྫོགས་དང་། ཟབ་ཆོས་མང་དུ་གསན། མྱང་སྨད་དུ་བསམ་སྡིངས་བཏབ། སློབ་མ་མང་པོར་ལམ་འབྲས་དང་། ཕྱག་ཆེན། ནི་གུའི་ཆོས་ཀྱིས་ཁྲིད་བཏབ། རབ་བྱུང་ལྔ་པའི་ས་ལུག་ཕྱི་ལོ་ ༡༣༡༩ ལོར་སྐུ་གཤེགས།