50942
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བཞི་པའི་ལྕགས་སྦྲེལ་ཕྱི་ལོ ༡༢༦༠ ལོར་ཡུལ་མདོག་གི་སྤེན་པར་འཁྲུངས། ས་སྐྱར་ཆུང་དུས་ནས་འཇམ་དབྱངས་པ་སོགས་བཤེས་གཉེན་མང་པོ་བསྟེན། སྡེ་སྣོད་ཀྱི་གཞུང་དག་ལ་སྦྱངས། འཇམ་དབྱངས་པ་སོག་ཡུལ་དུ་བྱོན་པའི་ཕྱག་ཕྱིར་ཕེབས། ཕྱིར་དབུས་གཙང་དུ་བྱོན། ཇོ་མོ་ནང་དུ་ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་དང་། བྱང་སེམས་རྒྱལ་བ་ཡེ་ཤེས་གཉིས་ལས་དབང་རྒྱུད་ཁྲིད་བཅས་མནོས། རེ་གཅིག་པ་རབ་བྱུང་ལྔ་པའི་ལྕགས་སྤྲེལ་ཕྱི་ལོ ༡༣༢༠ ལོར་ཇོ་ནང་གི་གདན་སར་བཞུགས། དགེ་འདུན་ཚོགས་ལོ་བདུན་རིང་བསྐྱངས། བཤད་སྒྲུབ་ཀྱི་བསྟན་པ་སྤེལ། རེ་བརྒྱད་པ་ རབ་བྱུང་དྲུག་པའི་མེ་ཡོས་ཕྱི་ལོ ༡༣༢༧ ལོར་སྐུ་གཤེགས། ཇོ་ནང་དགོན་པའི་གདན་རབས་གསུམ་པ་ཡིན། |